ཏྲང་ཅིང་ལི།

བོད་རང་སྐྱོང་ལྗོངས་ཆབ་སྲིང་དྲུང་ཆེ།

༡༩༥༡

བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་དྲུང་ཆེ།
བོད་ཀྱི་ལས་དོན་རུ་ཁག་གི་ཚོགས་མི།


Zhang Qingli

ངོ་སྤྲོད་མདོར་སྡུད།

སྒྲ་གདངས། ཏྲང་ཅིང་ལི། soundbite
སྐྱེས་ལོ། ༡༩༥༡ ཧྲང་ཏུང༌།
སྐྱེས་ལོ། ཞིང་ལས། པེཅིང༌།
འཚོ་ཐབས། རྫས་ལུད་བཟོ་གྲ་ནང་ལས་ཀ་དང་པོ་དེ་བྱས། ཀནསུའུ་དང་ཤིན་ཅང་ཁུལ་ལ་ལས་ཀ་བྱས། ཕྱི་ལོ་ ༢༠༠༥ ནས་ཟུང་བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་དྲུང་ཆེ་བྱེད།
འདུན་ལམ། ཕྱི་ལོ་ ༢༠༡༢ ནང་རྒས་ཡོལ་འགྲོ་ཉེ།
བོད་དང་སྐབས་དོན་གྱི་འབྲེལ་བ། བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་དྲུང་ཆེ།
བོད་ཀྱི་ལས་དོན་རུ་ཁག་གི་ཚོགས་མི།



དམར་ཤོག་ཚོགས་པའི་ནང་སྙན་གྲགས་དང༌། དམིགས་བསལ་གྱི་བྱ་གཞག་ཁག

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་སྐབས་བཅུ་བདུན་པའི་ཚོགས་མི། ཅེང་ལི་ ༼Cheng Li (Brookings) ༽གྱི་ཁོ་པར་རྒྱལ་སྲས་ལིང་ཞེས་འབོད་ཀྱི་ཡོད། ༼ཁོ་པ་དབུས་དམག་དོན་ཚོགས་པའི་ཚོགས་གཞོན་ཏྲང་ཝེནེན་ Zhang Wannian གྱི་ཚ་བོ་ཡིན།༽

ཁོ་པ་ཧུ་ཇིན་ཏྭ་དང་མཉམ་དུ་དམར་ཤོག་གཞོན་ནུ་རུ་ཁག་ནང་ལས་ཀ་བྱེད་ཡོད་ཤས་ཆེ། ༼ཏྲང་ནས་ས་གནས་དམར་ཤོག་གཞོན་ནུ་རུ་ཁག་ནང་ཕྱི་ལོ་ ༡༩༧༩ ནས་ ༡༩༨༦ བར་ལས་ཀ་བྱེད་མྱོང་ཡོད།༽
ཁོ་པ་ཏྲཝ་ཡོང་ཀང་དང་མཉམ་དུ་ཧྲང་ཏུང་ཞིང་ཆེན་གྱི་གྲོང་འཁྱེར་རྡོང་ཡིང་ནང་གི་ཆབ་སྲིད་ཚོགས་པའི་ནང་ཕྱི་ལོ་ ༡༩༨༨ ནས་ ༡༩༩༥ བར་ལོ་བདུན་རིང་ལས་ཀ་བྱས།

ཀན་སུའི་ཞིང་ཆེན་ཆབ་སྲིད་དྲིལ་བསྒྲགས་ལས་ཁུང་གི་འགན་འཛིན་ཕྱི་ལོ་ ༡༩༨༨ ནས་ ༡༩༩༩ བར་བྱས།

ཤིན་ཅང་ནང་ཕྱི་ལོ་ ༡༩༩༩ ནས་ ༢༠༠༥ བར་ལས་ཀ་བྱས། དེ་ཁོངས་ཕྱི་ལོ་ ༢༠༠༥ བར་ཤིན་ཅང་རང་སྐྱོང་ས་གནས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་དང༌། ཕྱི་ལོ་ ༢༠༠༢ ནས་ Wang Lequan གི་ཆབ་སྲིད་དྲུང་གཞོན་བྱས། ཕྱི་ལོ་ ༢༠༠༥ ཟླ་མཇུག་ནས་ཆབ་སྲིད་དྲུང་ཆེ་ལས་ཚབ་དང་ཕྱི་ལོ་ ༢༠༠༦ ལོར་དྲུང་ཆེ་ངོ་མ་གཏན་ཁེལ་བྱུང༌།

ལས་དོན་འདུན་ས་སྐབས་ལྔ་པའི་རྗེས་རང་སྐྱོང་སྲིད་གཞུང་གི་ཉེ་ཆར་བསྐྱར་སྒྲིག་ལྟར་ན་ཏྲང་ཅིང་ལིང་ཕྱི་ལོ་ ༢༠༡༢ བར་ཆབ་སྲིད་དྲུང་ཆེ་མུ་མཐུས་བྱེད་ཤས་ཆེ། ཕྱི་ལོ་ ༢༠༡༠ ཟླ་དང་པོའི་བོད་ལྗོངས་ཉི་རེའི་གསར་ཤོག་ནང་ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༤ ལ་འདུ་སྐོང་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་འགོ་འཁྲིད་གཙོ་བོ་ཁག་དང་ལས་བྱེད་ཀྱི་ཚོགས་འདུའི་ཚོགས་གཙོ་ཆབ་སྲིད་དྲུང་ཆེ་ཏང་ཅིང་ལི་ནས་བྱས། ལྷ་སར་ཚོགས་པའི་ཚོགས་འདུ་ནང་ཆ་ཤས་བསླངས་མཁན་གྱི་ལས་བྱེད་ཚང་མས་ཚོགས་འདུའི་བརྗོད་གཞི་ཐོག་བགྲོད་གླེང་མཐིལ་ཕྱིན་པ་བྱེད་པ་དང༌། ལས་དོན་འདུན་ས་སྐབས་ལྔ་པའི་ས་གནས་དེའི་ད་ལྟ་དང་མ་འོངས་པའི་ལས་ཀ་བྱེད་ཕྱོགས་ཐད་སྦྱོང་བརྡར་དང༌། དྲིལ་བསྒྲགས་བཅས་ཀཀྱི་སྐོར་བསམ་ཚུལ་སྤེལ་འདུག

གཏམ་བཤད་དང་དེའི་སྐོར་གྱི་འགྲེལ་བརྗོད།

  • ཕྱི་ལོ་ ༢༠༠༨ ཟླ་བ་ ༦ པར་ཏང་ཅིང་ལི་ནས་རྒྱལ་སྤྱིའི་ཨོལཾཔིཀ་རྩེད་འགྲེན་ཆེན་མོའི་ཞུ་མར་ལེན་སྐབས་བོད་ཀྱི་མཁའ་དབྱིངས་ནམ་ཡང་བསྒྱུར་མི་སྲིད། དམར་པོའི་སྐར་མ་ལྔ་ཅན་གྱི་དར་ཆ་བོད་སྒང་རྟག་ཏུ་གཡོ་བཞིན་གནས། ང་ཚོས་ངེས་པར་དུ་ཏཱ་ལའི་རུ་ཚོགས་ཀྱི་གཡོ་བྱུས་རྣམས་རྩ་མེད་བཏང་ཐུབ། (Reuters)
  • ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་བོད་ལྗོངས་ཉིན་རེའི་གསར་ཤོག་ནང་ཏང་ཅིང་ལིས། ཏཱ་ལི་བླ་མ་ནི་གྲ་ཆས་གྱོན་པའི་སྤྱང་ཁྱི་ཡིན་ལུགས་དང༌། མིའི་གཟུགས་ཅན་གྱི་བདུད། དུད་འ྄གྲོའི་སྙིང་ཅན། ཞེས་མཚན་སྨད་ཞུས་འདུག (Tibet Daily.)
  • Richard Spencer, རིཅཌ་ སཔེན་སར་ནས་ Telegraph གསར་ཤོག་ནང་བཀོད་དོན། ནུབ་ཕྱོགས་པའི་ཆབས་སྲིད་འཛིན་སྐྱོང་ནང་༼ངོས་ཀྱི་བསམ་པར༽ གོ་གནས་ཤིན་ཏུ་དམའ་བའི་ཆབ་སྲིད་པ་ཞིག་གིས་གཞུང་གི་འགོ་འཁྲིད་གཙོ་བོས་བཀའ་འཁྲོལ་མེད་པར་བརྡ་ལེན་བཙན་འཁྲིད་བྱེད་ཐུབ་པ་ཤིན་ཏུ་དཀའ། འོན་ཀྱང་རྒྱ་ནག་གི་ཆབ་སྲིད་འགོ་འཁྲིད་ནང་དེ་མཐའ་ཅིག་ཏུ་སྲིད་པ་ཡིན། དབུས་རྒྱ་ནག་དམར་ཤོག་རྒྱུན་ལས་ཚོགས་ཆུང་ནས་ལག་བསྟར་བྱེད་པའི་གཞུང་གི་མང་མོས་ལམ་སྲོལ་ནང་ཧུའེ་ཅིང་ཐོའོ་ནི་གཙོ་བདག་དེ་ཡིན་པས་དེ་འབྲས་སུ་རྒྱ་ནག་མི་གཅིག་རིང་ལུགས་ཀྱི་གཞུང་ལྟ་བུ་གྱུར་ཡོད། རྒྱ་ནག་ནང་འགོ་འཁྲིད་ཚོས་ཆབ་སྲིད་ཀྱི་ལང་ཕྱོགས་ཇི་ཙམ་ཤིན་ཏུ་གསལ་པོ་མེད་པའི་ཐོག་གནས་ཐུབ་པ་དེ་ཚོད་ཀྱི་འགོ་འཁྲིད་རྣམས་ལས་སླ་པའི་ངང་རང་འདོད་བཞིན་སྲིད་སྐྱོང་ཐུབ། ཕྱི་ལོ་ ༢༠༠༦ ཟླ་ ༨ པའི་ (China.org) ནང་ཏང་ཅིང་ལི་ནས་ངས་ད་ལྟའང་སྐྱབས་མགོན་རིན་པོ་ཆེ་ལ་འཛམ་གླིང་ཞི་བདེའི་གཟེང་རྟགས་འབུལ་དགོས་པའི་རྒྱུ་མཚན་བཤད་མ་བྱུང༌། ཁོང་གི་འཛམ་གླིང་ནང་ཞི་བདེ་གང་སྤེལ་ཡོད་དམ། ཅེས་ཟེར།

འབྲེལ་བཏུགས་བྱེད་སའི་ཁ་བྱང་།

  • Address: Tibet Autonomous Regional Office, No.1 Kang’angdonglu, Lhasa, Tibet 850000.
  • Website: www.xizang.gov.cn
  • Phone: + 86 891 6332067
  • Fax: +86 891 6335168

ཕབ་ལེན།

Comments are closed.