ཤི་ཇིང་པིན།

ཤི་ཇིང་པིན།

སྲིད་འཛིན་གཞོན་པ།

1953

ཁོང་གི་ཕ་ནི་རྒྱ་རི་བློ་གྲོས་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་དང་འབྲེལ་འདྲིས་ཅན་ཞིག་ཡིན།


Xi Jinping

ངོ་སྤྲོད་མདོར་བསྡུས།

མིང་སྒྲ། Shee Jin-ping Xi Jinping
སྐྱེ་ལོ། སྤྱི་ལོ་ ༡༩༥༣ ལོར་པེ་ཅིང་དུ་དམར་ཤོག་ཚོགས་པའི་དཔའ་རྟུལ། སྲིད་འཛིན་གཞོན་པ་ཟུར་པ་ (Xi Zhongxun) ཤི་ཀྲོང་ཤུན་གྱི་བུར་སྐྱེས།
ཤེས་ཚད། (Qinghua University) ཆིང་ཧུ་འ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་མ་ཀ་སེའི་ལྟ་གྲུབ་དང༌། བསམ་བློའི་སློབ་གསོའི་ཐོག་སློབ་ཐོན་བྱུང༌། སློབ་གཉེར་ཁང་དེར་སློབ་ཞུགས་སྐབས་རྫས་སྦྱོར་རིག་པར་སྦྱང་བརྩོན་བྱས། མ་ཟད་ཁོང་ལ་ཁྲིམས་ལུགས་ཆེད་སྦྱོང་གི་ལག་འཁྱེར་ཞིག་ཀྱང་ཡོད།
ཕྱི་སྐྱོད། ཆེས་མཐོའི་ཕྱི་བསྐྱོད་ལན་མང་བྱས།
འདུན་ལམ། སྤྱི་ལོ་ ༢༠༡༢ ལོའི་ཟླ་བ་བཅུ་པ་དང་བཅུ་གཅིག་གི་མཚམས་སུ་དམར་ཤོག་ཚོགས་པའི་དྲུང་ཆེར་འདེམས་ཐོན་ཡོང་བ་དང༌། སྤྱི་ལོ་ ༢༠༡༣ ལོའི་ཟླ་བ་གསུམ་པར་རྒྱ་ནག་གི་སྲིད་འཛིན་དུ་འགྱུར་རེ་ཆེ།
Relevance to Tibet: Xi’s father knew Lodi Gyari and 10th Panchen Lama.



དམར་ཤོག་ཚོགས་པའི་ནང་སྙན་གྲགས་དང༌། དམིགས་བསལ་གྱི་བྱ་གཞག་ཁག

སྤྱི་ལོ་ ༢༠༡༢ ལོར་ཧུ་ཇིན་ཏའོའི་རྗེས་འཇུག་ཏུ་གྱུར་རེ་ཆེ།

རྒྱ་ནག་གི་དམར་ཤོག་ཚོགས་པའི་མཐོ་རིམ་མི་སྣ། རྒྱ་ནག་གི་སྲིད་འཛིན་གཞོན་པ། དབུས་དམར་ཤོག་ཚོགས་པའི་སློབ་གྲྭའི་འགོ་གཙོ། དམར་ཤོག་ཚོགས་པའི་འགན་འཁུར་ཚོགས་པའི་ཚོགས་མི་དྲུག་པ། འོན་ཀྱང་ཁོང་དང་ཧུ་ཇིན་ཏའོའི་དབར་འགལ་ཟླ་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་འདྲ། ཧུ་ཇིན་ཏའོ་ཡིས་ (Li Keqiang) ལི་ཀེ་ཆིང་ལ་འདོད་མོས་བྱེད་ཀྱི་ཡོད་ཀྱང་དམར་ཤོག་ཚོགས་པས་ཤི་ཇིང་པིན་འབྱུང་འགྱུར་གྱི་སྲིད་འཛིན་དུ་འདེམས་སྒྲུབ་བྱས། ཤི་ཇིང་པིན་ནི་གཞོན་ནུའི་རུ་ཁག་གི་ཚོགས་མི་མིན་ཀྱང་ཁོང་ཇེང་ཛེ་མིན་ (Jiang Zemin) གྱི་བལྟ་སྐྱོང་འོག་ཡོད།

ཁོང་ནི་བསམ་བློ་གུ་ཡངས་ཤིང༌། ཁྲིམས་འགལ་གྱི་བྱ་གཞག་ཐད་དམ་བསྒྲགས་བྱེད་མཁན་ཞིག་ཡིན་པར་བརྩི་གི་ཡོད། དམར་ཤོག་ཚོགས་པའི་དབུས་ཀྱི་ཚོགས་མིར་མ་ཞུགས་གོང་ས་ཁུལ་ཁག་ཏུ་མི་མང་གིས་ངོ་རྒོལ་བྱེད་སྐབས་སྐབས་འགར་ངོ་རྒོལ་བྱེད་མཁན་མི་མང་གི་གྲངས་འབོར་ ༥༠༠༠༠ དུ་གྱུར་ཡོད།ཁོས་དམག་མི་དང་ཉེན་རྟོག་མི་སྣ་བཏང་ཏེ་དེ་དག་མེད་པར་བཟོས། ཁོང་ལ་ལྐོག་ཟ་མེད་པར་བཟོ་རྒྱུ་དང༌། རྒྱལ་སྤྱིའི་རྩེད་འགྲན་གོ་སྒྲིག ཧོང་ཀོང་གི་གནད་དོན་ཐག་གཅོད། དམར་ཤོག་ཚོགས་པ་འགོ་བཙུགས་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དགའ་སྟོན་གོ་སྒྲིག་ལ་སོགས་པའི་དཀའ་ཚེགས་ཅན་གྱི་འགན་འཁུར་བླངས་དགོས་བྱུང་འདུག

ཁོང་སྤྱི་ལོ་ ༢༠༠༩ ལོའི་ཟླ་བ་དྲུག་པར་ཤིན་ཅང་དུ་བསྐྱོད་སྐབས་དབྱིན་ཡུལ་གྱི་གསར་འགོད་པ་ (John Gittings) ཇོན་གྷི་ཊིང་སི་ཡིས་ཤི་ཇིང་པིང་གིས་སྐབས་དེ་དུས་ས་གནས་དམར་ཤོག་ཚོགས་པས་མི་རིགས་ཀྱི་འབྲེལ་ལམ་ཐད་བལྟ་སྐྱོང་བྱེད་ཐུབ་མཁན་རྣམས་འདེབས་བསྐོ་བྱ་དགོས་པ་དང༌། ཁོས་མུ་མཐུད་ནས་འདེམས་བསྐོ་བྱུང་བའི་དཔོན་རིགས་དེ་ཚོས་ཡུ་གུར་མི་རིགས་ཀྱིས་མྱོང་བཞིན་པའི་སྡོད་ཁང་དང༌། ཟས། འཕྲོད་བསྟེན། ཤེས་ཡོན། འཚོ་ཐབས་ལ་སོགས་པའི་དཀའ་ཚེགས་ངོ་མ་རྣམས་སེལ་དགོས་ཅེས་ངན་བརྡ་བཏང་ཡོད་པའི་གནས་ཚུལ་འགྲེལ་བརྗོད་བྱས་འདུག

ཉེ་བའི་འཆར་ཁོང་གིས་བོད་ཀྱི་ལས་དོན་དང་འབྲེལ་བའི་ཚོགས་ཆེན་ལྔ་པའི་ནང་མཉམ་ཞུགས་བྱས།

ཁོང་གི་དམར་ཤོག་ཚོགས་པའི་ཁ་ཕྱོགས་དང་མཐུན་བསྐྱོད་བྱེད་མཁན་ཞིག་ཡིན་པས་ན་ཁོང་ལ་ཕའི་གནོན་ཤུགས་ཐེབས་ཡོད་པ་འདྲ། སྤྱི་ལོ་ ༡༩༨༠ འི་སྐབས་ཤི་ཀྲོང་ཤུན་གྱིས་རྒྱ་རི་བློ་གྲོས་གྱི་འབྲེལ་གཏུགས་མི་སྣ་བྱས་ཡོད་པ་དང༌། ཁོང་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་དང་གོམས་འདྲིས་ཆེ་བ་ཞིག་ཡིན་པ་འདྲ། མཱ་འོ་ (Mao) ཡིས་ ཤི་ཀྲོང་ཤུན་ལ་འཐབ་འཛིངས་ཐེངས་གསུམ་བཏང་ཡོད་པ་དང༌། ཤི་ཀྲོང་ཤུན་གིས་ཆབ་སྲིད་བཅོས་སྒྱུར་ལ་སོགས་པའི་ཧུ་ཡོ་བྷང་ (Hu Yaobang) གི་མདུན་བསྐྱོད་བསམ་བློ་རྒྱབ་སྐྱོར་བྱས། མ་ཟད་ཁོས་རྒྱ་ནག་གཞུང་གིས་ཏི་ན་མེན་ཐང་ཆེན་ (Tiananmen) དུ་སློབ་ཕྲུག་ཚོས་སྐད་འབོད་བྱས་པ་དེཇི་ལྟར་རྩ་མེད་བཏང་ཡོད་པར་ངོས་བརྒོལ་བྱས། དེ་ནས་བཟུང་ཁོ་མི་མང་གི་མིག་ལམ་ནས་མེད་པར་གྱུར་ཏེ་མཐར་སྤྱི་ལོ་ ༢༠༠༢ ལོར་འདས་གྲོངས་སུ་ཕྱིན།

ཤི་ཇིང་པང་གིས་གཞས་མ་པེང་ལི་ཡོའན་ (Peng Liyuan) དང་གཉེན་བསྒྲིགས་གཉེན་བསྒྲིགས་གཉིས་པབྱས་ཡོད་ཀྱང༌། ཁོང་གཉིས་འཆམ་མཐུན་མེད་པ་འདྲ། མོ་ནི་བཅིངས་གྲོལ་དམག་གི་སྤྱི་མདའ་ཆུང་བའི་གོ་གནས་ཅན་ཞིག་ཡིན་པ་དང༌། མོས་བོད་དང་འབྲེལ་བའི་གཞས་ཞིག་ཀྱང་བཏང་འདུག http://www.youtube.com/watch?v=9d9-CBxLqFk དྲ་ཚིགས་ལ་གཟིགས།)

Peng Liyuan
Peng Liyuan in her PLA Uniform.

གཏམ་བཤད་དང་གཞན་གྱིས་ཁོང་འགྲེལ་བརྗོད་ཇི་ལྟར་བྱས་ཡོད་པ་འགའ།

  • སིང་གྷ་པུར་ (Singapore) གྱི་སྲིད་བློན་ཟུན་པ་ལི་ཀོ་འན་ཝིའུ་ཡིས་ Time གསར་ཤོག་ནང་འགྲེལ་བརྗོད་བྱས་དོན།: ངས་ཁོང་ནེལ་སོན་མཱན་དྷེ་ལའི་ (Nelson Mandela) གྲལ་དུ་བརྩི་གི་ཡོད། ཁོང་ནི་སྒེར་གྱི་བཀྲ་མི་ཤིས་པའི་གནས་དོན་དང༌། དཀའ་སྡུག་གིས་ཐག་གཅོད་ལ་གནོད་སྐྱོན་བྱེད་དུ་མི་འཇུག་མཁན་གྱི་སེམས་ཁམས་བརྟན་པའི་སྐྱེས་བུ་ཞིག་རེད་འདུག ཚིག་ལམ་གཞན་ཞིག་ནས་བརྗོད་ན་ཁོང་ནི་ནན་གཅགས་པོ་ཞིག་འདུག
  • ཤི་ཇིང་པིན་གྱི་གྲོགས་པོ་ཨ་རིའི་དངུལ་མཛོད་ཀྱི་དྲུང་ཆེ་ཟུར་པ་ཧེན་རི་པོའ་སོན་(Henry Paulson)གྱིས་ Time གསར་ཤོག་ནང་འགྲེལ་བརྗོད་བྱས་དོན། ཁོང་ནི་བྱ་གཞག་རྣམས་དམིགས་ཡུལ་ཐད་ཀར་ཤེས་མཁན་གྱི་སྐྱེས་བུ་ཞིག་རེད་འདུག
  • ཤི་ཇིང་པིན་གྱིས་མེཀ་སི་ཀོར་ (Mexico) གཏམ་བཤད་ཞིག་བྱས་ཡོད་པར། གྲོད་ཁོག་ཁེངས་ནས་མཛུམ་མོ་རྒྱ་ནག་གི་ཕྱོགས་སུ་སྟོན་རྒྱུ་ལས་བྱེད་རྒྱུ་གང་ཡང་མེད་པའི་ཕྱི་རྒྱལ་བ་འགའ་ཡོད་རེད། རྒྱ་ནག་གི་གསར་བརྗེ་དང༌། བཀྲེས་སྐོམ། དབུལ་ཕོངས་ཕྱི་ཚོང་བྱེད་ཀྱི་མེད་ལ། རྒྱ་ནག་གིས་ཁྱེད་མགོ་ན་བར་འཇུག་གི་ཡང་མེད། དེ་ལས་ལྷག་པ་ཁྱེད་རང་ལ་གང་དགོས།

འབྲེལ་བཏུགས་བྱེད་སའི་ཁ་བྱང་།

  • Address: Zhongnanhai, Xi Chang’an Jie, Beijing 100017.
  • Website: www.gov.cn
  • Phone: + 86 10 6307 0913
  • Fax: + 86 10 6307 0900

ཕབ་ལེན།

This entry was posted in Profiles. Bookmark the permalink.