ཧུའེ་ཅིང་ཐོའོ་

ཚོགས་པའི་སྤྱི་ཁྱབ་དྲུང་ཆེ། སྲིད་འཛིན།

༡༩༤༢

རྒྱ་ནག་གི་འགོ་ཁྲིད་རྒན་རབས་ཚ་ཤོས་དེས་བོད་ཀྱི་ལས་དོན་འདུན་སར་ལྟ་ཞིབ་བྱེད་ཀྱི་ཡོད། ཕྱི་ལོ་ ༡༩༨༨ ནས་ ༡༩༩༢ བར་ཆབ་སྲིད་ཚོགས་པའི་དྲུང་ཆེ་ཡིན་སྐབས་བོད་ནང་དྲག་པོའི་བཙན་འགེལ་བྱས།


ངོ་སྤྲོད་མདོར་བསྡུས།

མིང་སྒྲ། ཧུའེ་ཅིང་ཐོའོ་ Hu Jintao
སྐྱེ་ལོ། ཕྱི་ལོ་ ༡༩༤༢ ལོའི་ཟླ་བ་ ༡༢ ཚེས་ ༢༡ ལ་སྐྱེས།
ཤེས་ཚད། ཕྱི་ལོ་ ༡༩༦༥ ལོར་ཆིང་ཧའ་གཙུག་ལག་མཐོ་སློབ་ནས་ཆུ་ཤུགས་བཟོ་སྐྲུན་རིག་གནས་མཐར་ཕྱིན།
འཚོ་ཐབས། བོད་རང་སྐྱོང་ལྗོངས་ཆབ་སྲིད་ཚོགས་པའི་དྲུང་ཆེ། ཕྱི་ལོ་ ༡༩༩༢ ལོར་དབུས་དམར་ཤོག་འཛིན་སྐྱོང་ལྷན་ཚོགས་ཀྱི་རྒྱུན་ལས་སུ་བསྐོ་བཞག་བྱས། རྒྱ་ནག་གཞོན་ནུ་རུ་ཁག་གི་འགོ་འཛིན། ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ། ཕྱི་ལོ་ ༢༠༠༣ ལོ་ནས་རྒྱ་ནག་གི་སྲིད་འཛིན།
འདུན་ལམ། ཕྱི་ལོ་ ༢༠༡༢ སམ་ ༢༠༡༣ ལོར་རྒས་ཡོལ་ཞུ་གི་ཡོད་ནའང་དབུས་དམག་དོན་ལྷན་ཁང་གི་ཚོགས་གཙོའི་གོ་གནས་འཛིན་སྲིད།
བོད་དང་སྐབས་དོན་གྱི་འབྲེལ་བ། རྒྱ་ནག་གི་འགོ་ཁྲིད་རྒན་རབས་ཚ་ཤོས་དེས་བོད་ཀྱི་ལས་དོན་འདུན་སར་ལྟ་ཞིབ་བྱེད་ཀྱི་ཡོད། ཕྱི་ལོ་ ༡༩༨༨ ནས་ ༡༩༩༢ བར་ཆབ་སྲིད་ཚོགས་པའི་དྲུང་ཆེ་ཡིན་སྐབས་བོད་ནང་དྲག་པོའི་བཙན་འགེལ་བྱས།



དམར་ཤོག་ཚོགས་པའི་ནང་སྙན་གྲགས་དང༌། དམིགས་བསལ་གྱི་བྱ་གཞག་ཁག

ཚབ་སྲིད་ཚོགས་པའི་ཚོགས་མི་རྒན་རབས་ཧུའུ་ཡོ་པང་དང༌། ཏེང་ཞོའོ་ཕང༌། སོང་ཕིང་སོགས་ཀྱིས་ངོས་འཛིན་དང་བརྒྱབ་སྐྱོར་བྱས་པར་བརྟེན་ཀན་སུའུ་དང༌། གོའེ་ཀྲུའུ་ཞིང་ཆེན། བོད་རང་སྐྱོང་ལྗོངས་བཅས་སུ་ལས་གནས་སུ་ཐོག་མར་ཞུགས།ཕྱི་ལོ་ ༡༩༨༨ ལོའི་ཟླ་བ་ ༡༢ པ་ནས་ ༡༩༩༢ བར། དེ་རྗེས་སྙན་གྲགས་ཁྱབ།

ཕྱི་ལོ་ ༡༩༩༢ ལོར་དབུས་དམར་ཤོག་འཛིན་སྐྱོང་ལྷན་ཚོགས་ཀྱི་རྒྱུན་ལས་སུ་བསྐོ་བཞག་བྱས། དབུས་ཆབ་སྲིད་ཚོགས་པའི་སློབ་གྲྭའི་གཙོ་འཛིན་བྱས་པ་དང་སྲིད་འཛིན་གཞོན་པ་ཆགས། དེས་ན་ཕྱི་ལོ་ ༡༩༩༢ ནས་བཟུང་རྒྱ་ནག་གི་འགོ་འཛིན་གོ་དབང་ཁྲོད་རིམ་པ་མཐོ་ཤོས་ཀྱི་གྲས་སུ་བསླེབས། ཕྱི་ལོ་ ༢༠༠༣ ཟླ་བ་ ༣ ནང་ཁྲིམས་བཟོ་ལྷན་ཚོགས་ནས་འོས་ཤོག་གྲངས་ ༢༩༣༧ ཐོབ་ཏེ་སྲིད་འཛིན་དུ་བསྐོ་བཞག་བྱས་པ་དང་བཞི་ལས་གསུམ་བར་བཞུགས་སུ་གནས།

ཅང་ཙེ་མིན་གྱིས་དབང་ཆར་ཞེན་ཆགས་ཆེན་པོས་འཇུ་ཐབས་བྱས་པའི་སྐོར་ལ་དམག་སྤྱིས་སེམས་འཁུར་བྱས་པའི་རྗེས་ ཕྱི་ལོ་ ༢༠༠༤ ཡང་ན་ ༢༠༠༥ བར་དུ་ཅང་ཙེ་མན་གྱི་རྗེས་སུ་ཁོ་རང་དབུས་དམག་དོན་ལྷན་ཁང་གི་ཚོགས་གཙོ་བྱེད་ཐུབ་མེད།འོན་ཀྱང་ལྦི་ལི་ལམ་དང་དེ་མིན་གཞན་གྱིས་ཧུའེ་ཅིང་ཐོའོ་ཡིས་ཕྱི་ལོ་ ༢༠༡༧ བར་དུ་དབུས་དམག་དོན་ལྷན་ཁང་གི་ཚོགས་གཙོའི་གོ་གནས་མུ་མཐུད་འཛིན་གྱི་ཡོད་པའི་ཚོད་དཔག་བྱས་ཡོད།

ཧུའེ་ཅིང་ཐོའི་ཡི་དབུས་དམར་ཤོག་འཛིན་སྐྱོང་ལྷན་ཚོགས་ཀྱི་རྒྱུན་ལས་ནང་ལས་འགན་གཅིག་ནི་མི་རིགས་དང་གྲངས་ཉུང་མི་རིགས་ཀྱི་གནས་དོན་དེ་ཡིན།ལྦི་ལི་ལམ་ལ་གཞིགས་ན། ཁོ་རང་གི་ཆིངས་སྒྲིག་བྱེད་པའི་ནུས་པ་དང་རང་ཉིད་ཀྱི་ལྟ་ཚུལ་སྦེད་ནས་འཇོག་པའི་ནུས་པ་གྲགས་ཆེན་པོ་ཡོད།

ནང་མིའི་རྒྱབ་ལྗོངས་དང་སྒེར་གྱི་སྐོར་ཞིབ་ཕྲ།

  • ནང་མིའི་གནས་སྟངས་ཀྱི་རྟག་བརྟན་མེད་པའི་སྙན་ཐོ། འབྱོར་འབྲིང་ཇ་ཚོང་ཁྱིམ་ཚང་ཞིག་ཡིན།
    ནང་མིར་ནང་ཆོས་དད་ཤུགས་ཆེན་པོ་ཡོད་པར་འདའ།ཌེ་ལྦི་ཌེ་ཨེཀམ།
    རྒྱ་ནག་ཁྲིམས་བཟོ་འཛིན་སྐྱོང་ལྷན་ཚོགས། ཁོ་རང་གི་པ་ལགས་རིག་གནས་གསར་བརྗེའི་སྐབས་མ་རྩ་རིང་ལུགས་པའི་ནག་ཉེས་འོག་མནར་གཅོད་བཏང་ནས་བཙོན་ཁང་དུ་བཅུག་པ་དང་གཞོན་ནུའི་སྐབས་འདས་གྲོང་དུ་གྱུར།
    ཧུའེ་ཅིང་ཐོའི་ཡིས་གྲུབ་འབྲས་མངོན་གསལ་དོད་པོ་མེད་པའི་ཐོག་རང་གི་པ་ལགས་ཀྱི་ནག་ཉེས་ཀྱི་ཟིན་ཐོ་དག་ཐབས་བྱས། རི་ཅར་ཌེ་ མེག་གེརེ་ཇི་ (Richard McGregor) ལ་གཞིགས་ན། ཧུའེ་ཡི་ཨ་ནེ་རྒས་མོས་ཧུའེ་རང་ལོ་ལྔ་ནས་གསོ་སྐྱོང་བྱས་པ་དང་ཧུའེ་ཆབ་སྲིད་ཚོགས་པའི་དྲུང་ཆེ་ཆགས་པའི་རྗེས་སུ་ཨ་ནེར་གསར་འགོད་པས་བཅར་འདྲི་བྱེད་གྲབ་ཡོད་པ་གཞུང་གིས་བཀག་སྡོམ་བྱས་ཡོད་པ་དང་ཁོ་རང་ཆུང་དུས་ཀྱི་འདྲ་པར་རྣམས་ནང་ནས་རྩ་མེད་བཟོས་ཡོད་པ་རེད། དེས་ན་ཆབ་སྲིད་ཚོགས་པས་ཁོ་རང་གི་ལོ་རྒྱུས་ཐོག་སྟངས་འཛིན་བྱེད་ཐུབ་པ་བྱུང་ཡོད།
  • གཉེན་སྒྲིག་བྱས་ཏེ་ཕྲུ་གུ་བུ་གཅིག་དང་བོུ་གཅིག་བཅས་གཉིས་བྱུང༌། བུ་མོ་དེ་ཟོག་རྫུ་བྱས་པའི་མིང་གི་འོག་ཁོ་ལོམ་བི་ཡའི་གཙུག་ལག་མཐོ་སློབ་ནས་དཔལ་འབྱོར་རིག་པའི་ཐོག་སློབ་དཔོན་གྱི་གོ་གནས་ཐོབ། བུ་དེས་གསར་འགོད་པར་གཟུར་ནས་སྡོད་པའི་ནུས་པ་ཡོད་པས་ཁོ་རང་ལ་ཊིབ་ལུན་ ཕེརན་སིལིང་ (Teflon princeling) ཞེས་གྲགས། ནམ་མི་བི་ཡའི་ནང་ཁོ་རང་གིས་དབྱིན་སྒོར་ས་ཡ་མང་པོ་ལྐོག་ཟ་རུལ་སུངས་བྱས་པར་རྩད་གཅོད་བྱས། (Telegraph, 2009)

Click to Read More

  • ཆིང་ཧའེཨ་གཙུག་ལག་མཐོ་སློབ་ཁང་ནང་ཧུའེ་ཅིང་ཐོའི་གླུ་གར་ཚོགས་པའི་ཚོགས་མི་ཡིན་པ་དང་ལྦ་མོའི་ལྡེམ་འགྲོས་ (foxtrot) ཟེར་བའི་ཞབས་བྲོ་ཞིག་ལ་མཁས་པོ་ཡོད་པ་དང་དྲན་ཤེས་ཡག་པ་ཡོད་པར་སྣང༌། ཁོ་རང་སྒུག་སྡོད་ཀྱི་འགོ་ཁྲིད་ཆགས་སྐབས་སྒེར་གྱི་མགུ་བ་སྐྱེད་པའི་གནས་ཚུལ་ཞིབ་ཕྲ་རྣམས་ཁོ་རང་གི་གཞུང་འབྲེལ་གྱི་ལོ་རྒྱུས་ནང་ནས་ཕྱིས་སུབ་བཏང་ཡོད། དེ་བཞིན་ཁོ་རང་གིས་ཅོག་ཙེའི་པོ་ལོ་ (table tennis) ཡག་པོ་རྩེ་གི་ཡོད་པ་དང༌། སྐབས་རེ་གསོལ་སྟོན་སྤྲོ་སྐྱིད་སྐབས་རྐྱང་གཞས་གཏོང་གི་ཡོད་ཅེས་འགྲེལ་བརྗོད་གནང་འདུག

གཏམ་བཤད་དང་དེའི་སྐོར་གྱི་འགྲེལ་བརྗོད།

  • ཕལ་ཆེར་ཧུའེ་ཡིས་གསར་འགོད་པར་སྐད་ཆ་ཤོད་མྱོང་རྩ་བ་ནས་མེད་པའམ་ལུང་འདྲེན་འོས་པའི་ལུང་ཚིག་གང་ཡང་བཞག་མེད།ཁོ་རང་གིས་མི་མང་ལ་གཏམ་བཤད་བྱས་པ་ལས་ཁྱད་ཆོས་འབུར་དུ་ཐོན་པ་རྣམས་འདིར་ཕྱོགས་བསྡུས་བྱས་ཡོད་པ་ནི། རྒྱ་ནག་ནང་སྟོབས་ཤུགས་དང༌། ཡར་རྒྱས། མང་གཙོ། རིག་གཞུང་གི་ཐོག་ནས་ཡར་ཐོན་ཅན་གྱི་དེང་དུས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་གོང་འཕེལ་འོང་བར་ང་ཚོས་དཀའ་དཔྱད་འབད་བརྩོན་བྱེད་དགོས་པ་དང༌། ང་ཚོར་རྒྱལ་སྤྱིའི་ཁོར་ཡུག་གི་ཁྲོད་དུ་ཁྱབ་པའི་གཏན་གྱི་ཞི་བདེ་དང་འཛམ་གླིང་ནང་གི་རྒྱལ་ཁབ་ཚང་མ་དང་ལྷན་དུ་ཞི་མཐུན་ངང་མཉམ་གནས་བྱེད་དགོས་ཀྱི་ཡོད། ཅེས་བརྗོད།
  • ཁོ་རང་གི་བློ་ཁ་ཕྱོགས་སྟངས་ཇི་ལྟར་ཡང༌། རྟག་ཏུ་འགྱུར་བ་མེད་པར་ཆབ་སྲིད་ཚོགས་པའི་རྗེས་སུ་འབྲངས་ཡོད། ཟིན་ཐོར་འཁོད་པའི་ཧུའེ་ཅིང་ཐོའོ་ཡི་གཏམ་བཤད་གཅིག་ནི་མི་ཚེའི་ནང་གྲུབ་འབྲས་གཟེངས་སུ་འཐོན་པར་ཆོད་སེམས་དང༌། དངོས་ཡོད་ཀྱི་གནད་དོན་ལ་དོ་སྣང༌། ཐག་གཅོད་བྱེད་པའི་བློ་ཁོག་བཅས་དགོས་ཀྱི་ཡོད་ཟེར། (BBC)

Click to Read More

  • རིག་པ་གྲུང་པོ་དང་གཤིས་རྒྱུད་འཇམ་པོ་ཡོད་པར་གྲགས། (New York Times)
  • ཧན་ནི་རིས་ཀི་སིན་ཇར་གྱིས་ (Henry Kissinger) བརྗོད་དོན། ང་རང་ཧུའེ་དང་ཐེངས་མང་ཐུག་མྱོང་ཡོད། ཁོ་རང་འགྱུར་བ་མེད་པར་བསམ་ཤེས་ཡོད་མཁན་ཞིག་དང༌། གྲ་སྒྲིག་ལེགས་པོ་བྱེད་མཁན། ཡ་རབས་པོ་ཞིག་ཏུ་མཐོང་སོང༌། འོན་ཀྱང་ཁོ་རང་གི་སློབ་སྦྱོང་གི་ཤེས་ཚད་ཀྱིས་དགོས་མཁོ་མེད་པའི་གཏམ་བཤད་སྤེལ་གྱི་ཡོད་པའི་སྣང་ཚུལ་འདུག (Times, 2009)
  • དེ་ཡང་བྱེད་རྒྱུ་མང་ན་བྱ་རྐང་ཆགས། ཞེས་པ་ལྟར། རྒྱ་ནག་གི་ཤོད་སྲོལ་དུ་སུ་འདྲ་ཞིག་གི་ཆབ་སྲིད་དམ་ལྟ་བའི་འདོད་ཚུལ་གསལ་སྟོན་བྱས་ན་ཉེན་ཁ་ཡོད་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད། ཁོ་རང་གིས་དཔྱད་གཏམ་ཚང་མའི་ནང༌། ཧུའེ་ཡིས་ཟབ་ནན་ངང་ཆབ་སྲིད་ཚོགས་པའི་བཀའ་བཀོད་དང་ལེན་ཞུས་ཡོད་པ་དང་ཕྱི་མི་སུ་གཅིག་གིས་ཀྱང་དོན་དམ་པར་ཁོ་རང་གིས་ཆབ་སྲིད་དང་དཔའ་འབྱོར་གང་གི་ཐོག་ལངས་ཡོད་མིན་ཤེས་རྟོགས་ཐུབ་ཀྱི་མེད་པ་མ་ཟད་དེང་གི་འཆར་རྒྱ་ནག་ལ་འཕྲད་བཞིན་གལ་ཆེའི་གནད་དོན་མང་པོ་ཞིག་གི་སྐོར་ཤེས་ཀྱི་མེད། (Yao Jin, China Brief)
  • སྤྱིར་ཁོ་བོ་རང་གི་མགོན་སྐྱབས་དང་སྐྱབས་འོག་རྣམས་ཀྱི་ལས་དོན་ལམ་ལྷོང་ཡོང་པར་ཇི་ལྟར་བེད་སྤྱོད་གཏོང་དགོས་མིན་ཤེས་མཁན་གྱི་ཁྱད་དུ་འཕགས་པའི་སྣེ་ཁྲིད་པ་ཞིག་ཡིན་པ་སྨོས་མེད་ཅིག་ཡིན། ཁོ་བོའི་ངོ་སྤྲོད་སྙིང་བསྡུས་ཡིག་ཆའི་ནང་ཡང་རང་ཉིད་མི་མང་དཀྱུས་མའི་ནང་འོས་མིར་གསལ་སྟོན་བྱེད་ཤེས་མཁན་གྱི་ཆབ་སྲིད་པ་རིག་སྟོབས་ཅན། ཡིད་འཕྲོག་པོ་དང༌། བསམ་ཤེས་ཅན་ཡིན་པ་འཁོད་ཡོད།” (John Tkacik, research fellow, Asian Studies Center of The Heritage Foundation, formerly chief of the China division at State Department’s intelligence and research bureau in the early 1990s)

ཧུའེ་ཅིང་ཐོའི་ཡི་གལ་གནད་ཅན་དང་འགལ་འདུ་ཅན་གྱི་ལོ་རྒྱུས་ཐུང་ངུ༌།

  • གུའེ་ཀྲུའུ་ (Guizho) ནང་ཁོ་རང་གི་བྱ་སྤྱོད་དང་པོ་དེ་ནི་སྐྱེས་པ་བཞིས་མོ་གྲ་མགྱོགས་པོ་འགྲོ་བའི་སྟེང་བུད་མེད་གཞོན་ནུ་གཅིག་ལ་ཞགས་པ་བརྒྱབ་ཏེ་རྨས་སྐྱོན་ཚབས་ཆེན་ཕོག་པའི་རྗེས་སུ་གཞུང་གིས་བཀའ་བཀྱོན་གནང་པའི་གནས་དོན་བསྐྱར་གླེང་བྱས་ཡོད་པ་རེད། མི་བཞི་པོས་དེ་དག་གི་ནང་མི་ཆབ་སྲིད་ཚོགས་པ་དང་ཉེ་འབྲེལ་ཡོད་པར་མ་ལྟོས་པར་ཧུའེ་ཅིང་ཐོའོ་ཡིས་མི་གཅིག་ཚེ་བཙོན་དུ་བཅུག་པ་སོགས་ཀྱི་ཉེས་ཆད་འགེལ་བའི་ཁྲིམས་ཞིབ་བསྐྱར་དུ་བཀའ་བཏང་ཡོད། དེ་རྗེས་རྒྱལ་ཡོངས་སུ་ཁྱབ་བསྒྲགས་བྱས་ཡོད། (New York Iimes)

Click to Read More

  • ཕྱི་ལོ་ ༡༩༨༦ ལོར་གོའེ་ཀྲུའུ་ནང་མང་གཙོ་དོན་གཉེར་ཅན་གྱི་སློབ་ཕྲུག་རྣམས་ཀྱིས་ཐོག་བརྩེགས་ཁང་ཆེན་ཞིག་གི་ས་ཁོངས་སྟངས་འཛིན་འཕྲོག ལྟ་བ་མཁྲེགས་བཟུང་བྱ་རྒྱའི་དོད་དུ་ཧུའེ་ཅིང་ཐོའི་ཡིས་སློབ་ཕྲུག་རྣམས་དང་ཐུག་འཕྲད་བྱས་ནས། ཁོང་ཚོའི་དཀའ་ངལ་ལ་ཉན་འཇོག་བྱས་པ་དང་མཚམས་འཇོག་དགོས་པར་ཨུ་ཚུགས་བརྒྱབ། གནད་དོན་དེས་རྐྱེན་པས་ཁོ་རང་བོད་དུ་བརྫངས། (encylopedia of world biography)
  • འགོ་ཁྲིད་དང་པོ་དེ་ཆགས་ཡོད་པ་རེད། ངོ་རྒོལ་གྱེན་ལངས་ཀྱི་གནས་ཚུལ་ཧུའེ་ལྷ་སར་མ་འབྱོར་གོང་འགོ་ཚུགས་པ་དང་ཕྱི་ལོ་ ༡༩༨༩ ལོའི་ཟླ་བ་ ༣ ཚེས་ ༥ ཉིན་དྲག་ཏུ་ལངས་པ་རེད། ཁོ་རང་གི་ལན་གྱི་ཆ་ཤས་སུ་ཏང་ཡོན་ལོ་ན་ ༤༧ བསླེབས་པ་ཞིག་ལ་གཡོ་སྒྱུ་སྣ་ཚོགས་དང་ཆབ་སྲིད་ཀྱི་ཐད་ནས་ཏག་ཏག་མ་བསྡད་པའི་རྣམ་པ་སྟོན་ཡོད། ཉེན་རྟོག་པ་གཙོ་བོ་དེས་ལམ་སྟོན་གྱི་ཆེད་དུ་ཁོ་པར་ཡང་ནས་ཡང་དུ་ཁ་པར་གཏོང་གི་ཡོད། ཁོ་པར་ཉེན་རྟོག་པར་དྲག་ཤུགས་མཚམས་འཇོག་དགོས་པ་དང་འབྱུང་འགྱུར་གྱི་ལམ་སྟོན་ཐད་སྒུག་སྡོད་བྱེད་ཅེས་བཤད། མཐར་གནས་སྟངས་ཡོངས་རྫོགས་ཚོད་འཛིན་བྱེད་དཀའ་བ་ཆགས་སྐབས། ཧུའེ་ཡིས་ཁོ་རང་གི་ཁ་པར་བཀག་ནས་ཉེན་རྟོག་པ་དེ་བྱ་ཐབས་ཅི་ཡང་མེད་པ་བཟོས་ཤིང་ཟིང་འགོག་ཐུབ་པའི་མིང་ཚང་མ་རང་ཉིད་ཀྱིས་འཁྱེར། འོན་ཀྱང་གནས་ཚུལ་ལྡོག་ཕྱོགས་སུ་འགྱུར་དུས། དཀའ་མེད་པའི་བྱས་རྗེས་སུ་ཉེན་རྟོག་པ་དེར་སྐྱོན་འཛུགས་བྱེད་ཐུབ་ཀྱི་ཡོད། དེ་འདྲ་སོང་ཙང་དྲག་པོའི་སྲིད་གཞུང་སྐབས་ཧུའེ་ཡིས་ཁོང་རང་གི་ལས་འགན་ག་རེ་ཡིན་མིན་གསལ་པོ་མ་བཟོས་པར་ཧ་ལམ་བོད་ནང་དུས་ཚོད་བེད་སྤྱོད་བྱས་མེད། དེ་ལྟར་པེ་ཅིང་དུ་ལི་ཕིང་གིས་གསལ་བསྒྲགས་སྤེལ།གནས་ཚུལ་འབྱུང་ཁུངས་ནི། WILLY LAM; JOSEPH FEWSMITH, ཁྱད་ནོར་ཐེབས་རྩ་ཁང་དང་དེ་མིན་གཞན།
  • ཧུའེ་ཡི་ཆབ་སྲིད་ལག་བསྟར་བྱེད་སྐབས་ལག་གཉིས་ཀས་དམ་པོར་འཛིན་དགོས་ཟེར་གྱི་ཡོད།བོད་ནང་ད་དུང་མཐོང་ཆོས་སུ་ཡོད། དེ་ཡང་དཔལ་འབྱོར་ཡར་རྒྱས་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པ་ཟུང་འབྲེལ་བྱེད་དགོས་ཟེར། ཧུའེ་ཡོ་པང་གིས་དཔལ་འབྱོར་གོང་སྤེལ་ཐད་རོགས་རམ་བྱས་ཡོད་ཀྱང་ཧུའེ་ཡིས་དེ་ནི་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་ཆ་ཤས་གལ་ཆེན་པོ་ཞིག་ཏུ་གཞི་སྒྲོམ་གཏིངས་ནས་ཡོད།
  • ཕྱི་ལོ་ ༡༩༨༩ ལོར་ཇོ་ན་ཐན་མིར་སིཀི (Jonathan Mirsky) བོད་ནང་ལྟ་སྐོར་དུ་ཕེབས་སྐབས་ཧུའེ་ཅིང་ཐོའོ་དང་ཐུག་འཕྲད་བྱས་ཏེ་ཁོ་པས་ཧུའེ་ལ་རང་གི་ལས་གནས་གསར་པར་ཇི་འདྲ་འདུག་ཅེས་སྐད་ཆ་འདྲི་སྐབས། ཧུའེ་ཡིས་བོད་ཀྱི་ས་ཆའི་མཐོ་ཚད་དང༌། གནམ་གཤིས། རིག་གཞུང་མེད་པར་དགའ་པོ་མི་འདུག་ཅེས་ལན་བཏབ། མ་ཟད་ནང་མི་རྣམས་ཀྱིས་རང་ཉིད་བོད་དུ་གཏོང་རྒྱུའི་འདོད་པ་མེད་ཅེས་ཟེར། ནུབ་ཕྱོགས་པའི་གསར་འགོད་པ་གཅིག་ལ་ཧུའེ་ཡིས་ལན་སྡུག་ཅག་དེ་ལྟར་བཏབ་པར་མིར་སིཀི་ (Mirsky) ཧང་སངས་པ་རེད། མིར་སིཀི་ཡིས་ཁོ་པར་བོད་པ་དང་གྲོགས་འགྲིགས་ཡོད་དམ་ཞེས་དྲིས་སྐབས་ཁོ་པས་བོད་པར་ཞེ་ཐག་པ་ནས་མི་དགའ་བ་ཡོད་སྟོན་ཕྱིར་གལ་ཏེ་ལྷ་སའི་ནང་ཟིང་འཁྲུགས་འདྲ་བྱུང་ཚེ་བོད་རིགས་སུ་གཅིག་གིའང་ཁོ་པར་སྲུང་སྐྱོབ་བྱེད་ཀྱི་མ་རེད་ཅེས་ལན་བཏབ། (Jamstown Foundation China Brief 2002)

ཧུའེ་ཅིང་ཐོའོ་ལ་ཕྲད་པའི་གྲགས་ཆུང་བའི་གནད་དོན་འགའ་ཞིག

  • མཐོ་རིམ་འགོ་ཁྲིད་ཁྲོད་འདུ་ཚོགས་སུ་མོས་མཐུན་བྱུང་བའི་གནད་དོན་གཞིར་བཟུང་འཛིན་སྐྱོང་བྱེད་ཕྱོགས་དང་ཀྲའུ་ཙི་ཡང་གིས་མི་མཐུན་པའི་གནད་རྣམས་འགོ་ཁྲིད་ཀྱིས་མི་མང་ལ་བརྗོད་རྒྱུ་མེད་པ་དགོས་གལ་ཆེ་ཕྱོགས་བར་རྩོད་རྙོག་ལྷག་ཡོད། འོན་ཀྱང་འགོ་ཁྲིད་ཀྱི་གོ་དབང་ཐོག་ནས་མོས་མཐུན་བྱུང་བའི་གནད་དོན་དེ་དག་སྤྱི་ཚོགས་ནང་རྒྱུན་ལྡན་མ་ཡིན་པ་ཞིག་ཏེ་རྒྱ་ནག་བཞིན་དུ་འགྱུར་བ་འགྲོ་གི་ཡོད། དེ་ལྟར་འགོ་ཁྲིད་རྣམས་ལ་ཚེར་མ་ལྡན་པའི་ཆབ་སྲིད་བྱ་དཀའ་བ་རྣམས་གདོང་ལེན་བྱེད་པ་ལས་ལྕགས་ཊིན་ལམ་ཟུར་དུ་རྡོག་རྒྱག་ཞུ་དགོས་པའི་སྐུལ་མ་བྱས་ཡོད། (Murray Scot Tanner, Brookings 2007)

Click to Read More

  • གལ་འགངས་ཆེ་བའི་རུ་ཁག་གཉིས་ནས་ཆབ་སྲིད་ཀྱི་བཅོས་སྒྱུར་ཐོག་གནོན་ཤུགས། མི་མང་ཁྲོད་ནས་མཁས་པ་རྒས་ཡོལ་ཞུས་པའི་ལས་བྱེད་དང་སློབ་དཔོན་རྒན་གྲས་རྣམས།རྣམས་ལ་གཏམ་བཤད་བྱ་རྒྱུའི་རང་དབང་ཆེ་བ་སྤྲད། ཕྱི་ལོ་ ༡༩༨༠ ལོ་མཇུག་ཏུ་ཤེས་ལྡན་པ་རྣམས་ཀྱི་བུ་རྒྱུད་མི་རབས་ཚོ་མཁས་པའི་རྒྱུད་འཛིན་དགོས་པར་འོས་འགན་ལྡན་ཚུལ་དང༌། ཁྱད་པར་དུ་ཧུའེ་ཡོའོ་པང་གི་ཕྲུ་གུ་ཧུའེ་རྡི་ཕིང༌། (Willy Lam, Asia Times, 2009)

Hu Yaobang, Hu Jintao and Wen Jiabao in 1986
ཧུའེ་ཡའོ་པང་། ཧུའེ་ཅིང་ཐོའོ་ and ལྦན་ཅང་བའོ་གསུམ། ༡༠༩༨༦་ལོར་།

འབྲེལ་བཏུགས་བྱེད་སའི་ཁ་བྱང་།

  • Address: Zhongnanhai, Xi Chang’an Jie, Beijing 100017
  • Website: www.gov.cn, http://english.gov.cn/
  • Phone: + 86 10 6307 0913
  • Fax: + 86 10 6307 0900

ཕབ་ལེན།

[/]

Comments are closed.