ཏུའུ་ཆིང་ལིན་།

བློན་ཆེན། འཐབ་ཕྱོགས་གཅིག་འགྱུར།

༡༩༤༦

བོད་དང་འབྲེལ་བའི་ཉིན་རེའི་སྲིད་ཇུས་འདིང་སྟངས་ཐོག་འགན་འཁུར་བྱེད་པ་དང༌། ཟི་ཁྲིན་ཞིང་ཆེན་གྱི་ཆབ་སྲིད་ཚོགས་པའི་དྲུང་ཆེ་ཡུན་ཙམ་བྱས།


Du Qinglin

ངོ་སྤྲོད་མདོར་བསྡུས།

མིང་སྒྲ།ཏུའུ་ཆིང་ལིན་། Du Qinglin
སྐྱེ་ལོ། ཕྱི་ལོ་ ༡༩༤༦ ལོར་ཅི་ལེན་ཞིང་ཆེན་ནང་སྐྱེས།
ཤེས་ཚད། ཅི་ལེན་གཙུག་ལས་སློབ་གྲྭ་ནས་ཚོང་ལས་རིག་པ་སྦྱངས། དཔལ་འབྱོར་རིག་པའི་ཐོག་སློབ་དཔོན་གྱི་གོ་གནས་ཐོབ།
འཚོ་ཐབས། ཧུའུ་ཅིན་ཐོའོ་ཡི་སྐྱབས་འོག་ཡོད་པ། ཕྱི་ལོ་ ༢༠༠༧ ནས་བཟུང་འཐབ་ཕྱོགས་གཅིག་འགྱུར་གྱི་ལས་དོན་སྡེ་ཚན་གྱི་འགན་འཛིན།
འཚོ་ཐབས།འདུན་ལམ། ཆིང་ལིས་གཅིག་བྱས་ན་ཀྲུའུ་རྒྱ་ནག་གི་སྲིད་འཛིན་གཞོན་པའི་འོས་མིའི་གོ་གནས་ཏུ་སླེབས་ཀྱི་རེད་ཅེས་ཚོད་དཔག་བྱེད་ཀྱི་ཡོད། དེ་ནི་ཕྱི་ལོ་ ༢༠༡༢ རྗེས་སུ་ཞིང་ལས་དང་ཆུའི་ཐོན་ཁུངས་ལ་འགན་འཁུར་འཁྲི་ཡོད།ཞིང་ལས་བློན་ཆེན་ཟུར་པ་བཞིན།
བོད་དང་སྐབས་དོན་གྱི་འབྲེལ་བ། བོད་དང་འབྲེལ་བའི་ཉིན་རེའི་སྲིད་ཇུས་འདིང་སྟངས་ཐོག་འགན་འཁུར་བྱེད་པ་དང༌། ཟི་ཁྲིན་ཞིང་ཆེན་གྱི་ཆབ་སྲིད་ཚོགས་པའི་དྲུང་ཆེ་ཡུན་ཙམ་བྱས།



དམར་ཤོག་ཚོགས་པའི་ནང་སྙན་གྲགས་དང༌། དམིགས་བསལ་གྱི་བྱ་གཞག་ཁག

    ཕྱི་ལོ་ ༡༩༦༦ ལོར་ཆབ་སྲིད་ཚོགས་པའི་ནང་འཛུལ་ཞུགས་བྱས། རིག་གནས་གསར་བརྗེའི་སྐབས་ཡར་རྒྱས་ཕྱིན། ཅི་ལེན་རླངས་འཁོར་བཟོ་གྲའི་ནང་མི་ལོ་ ༡༤ རིང་ལས་ཀ་བྱས་པ་རེད།

    བཟོ་གྲའི་ཆབ་སྲིད་ཚོགས་པའི་དྲུང་ཆེ་གཞོན་པ་དང་འགན་འཛིན་གཞོན་པར་གནས་འཕར། ཕྱི་ལོ་ ༡༩༧༩ ནས་ ༡༩༨༤ བར་ཅི་ལེན་ཞིང་ཆེན་ནང་གཞོན་སྐྱེས་དམར་ཤོག་རུ་ཁག་གི་ཆབ་སྲིད་ཚོགས་པའི་དྲུང་ཆེའི་ལས་འགན་འཁྱེར།

    ཅི་ལེན་ཞིང་ཆེན་ནང་ཕྱི་ལོ་ ༡༩༩༨ བར་དེ་མིན་གྱི་ལས་གནས་མང་པོ་ནང་ཞུགས།
    ཕྱི་ལོ་ ༡༩༩༨ ནས་ ༢༠༠༡ བར་ཧེའི་ནན་ཞིང་ཆེན་གྱི་ཆབ་སྲིད་ཚོགས་པའི་དྲུང་ཆེའི་འགན་འཁུར།
    ཕྱི་ལོ་ ༢༠༠༡ ནས་ ༢༠༠༦ བར་ཞིང་ལས་བློན་ཆེན་བྱས། ཕྱི་ལོ་ ༢༠༠༢ ལོར་ཚོང་ཟོག་ཕྱིར་འདྲེན་གོང་འཕེལ་ཡོང་སླད་ཟས་རིགས་སྐྱོན་ཅན་དང་རྟོག་ཞིབ་ལམ་ལུགས་ཡར་རྒྱས་གཏོང་བའི་ཆེད་དུ་ཁོ་རང་གིས་འབད་རྩོལ་བྱེད་ཀྱི་ཡིན་ཞེས་བརྗོད།

    པགས་རིགས་དང་སྤུའི་་དོན་དུ་དུད་འགྲོ་གསོད་པའི་བྱ་ཐབས་དང་འབྲེལ་ཏེ་དུད་འགྲོའི་ལྟ་རྟོགས་ཚོགས་པའི་(PETA) ལས་འགུལ་གྱི་ཡི་གེ་ཉུང་མཐར་གཅིག་གིས་ཞིང་ལས་བློན་ཆེན་ལ་དམིགས་སུ་བཀར་ནས་ཡོད།

    བྱ་རིམས་སྟངས་འཛིན་བྱས་ཚར་བ་སྟོན་ཕྱིར་ཁོ་རང་གིས་ད་དུང་གཟུགས་མཐོང་རླུང་འཕྲིན་ནང་བྱ་ཤ་བཟས།
    ཕྱི་ལོ་ ༢༠༠༦ ལོའི་ཟླ་བ་ ༡༢ པ་ནས་བཟུང་ཕྱི་ལོ་ ༢༠༠༧ ལོའི་ཟླ་བ་ ༡༢ བར་ཟི་ཁྲོན་ཞིང་ཆེན་གྱི་ཆབ་སྲིད་ཚོགས་པའི་དྲུང་ཆེ་བྱས། ཕྱི་ལོ་ ༢༠༠༧ ལོར་ལེའུ་ཡན་ཀྲུང་འཐབ་ཕྱོགས་གཅིག་འགྱུར་ལས་དོན་ཚན་པའི་གཙོ་འཛིན་དུ་ལམ་ལྷོང་བྱུང༌། ཁོ་རང་ནི་ཧུའུ་ཅིན་ཐོའི་ཡི་སྐྱབས་འོག་ཏུ་ཡོད་པའམ་ཕྱོགས་སྒྲིལ་རེད་ཅེས་ཡི་གེར་བཀོད་ཡོད། འོན་ཀྱང་གཞོན་སྐྱེས་དམར་ཤོག་རུ་ཁག་དང་འབྲེལ་ལམ་ཡོད་སྐོར་ཙམ་ལས་དེ་མིན་ཞིབ་ཕྲ་འཁོད་མེད།

གཏམ་བཤད།

  • ཕྱི་ལོ་ ༢༠༠༩ ལོའི་ཟླ་བ་ ༣ ཚེས་ ༢༨ ཉིན་རྒྱལ་སྤྱིའི་ནང་པའི་འདུན་སའི་ངོས་ནས། རྒྱལ་སྤྱིའི་ནང་ཆོས་ཀྱི་རྒྱུན་འཁོར་གྱིས་སེམས་པ་བཟང་པོ་དང་སྙིང་རྗེའི་ཚོར་བ་མངོན་པའི་ཞི་མཐུན་དང་མཉམ་རུབ་ཀྱི་སྙིང་སྟོབས་མུ་མཐུད་ནས་ཁྱབ་སྤེལ་བྱེད་པ་དེ་ཡུན་གནས་ཐུབ་པར་རེ་བ་བྱེད་ཀྱི་ཡོད་པ་དང་མི་རྣམས་ཀྱི་ནང་སེམས་ཀྱི་སྙིང་སྟོབས་བསྐྱར་གསོ་བྱེད་ཀྱི་ཡོད། དེ་ལྟར་མི་དང་རང་བྱུང༌། མི་དང་སྤྱི་ཚོགས། མི་དང་མི། མིའི་ནང་ཁུལ་གྱི་ཁོར་ཡུག་བཅས་ཞི་མཐུན་ངང་མཉམ་གནས་གོང་སྤེལ་གཏོང་བར་དཀའ་རྙོག་སེལ་རོགས་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།
  • ཕྱི་ལོ་ ༢༠༠༨ ལོའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐད་ཀྱི་ཞུ་སྐུལ་སྙན་ཐོའི་ལན་འདེབས་ནང༌། ཏྭ་ལའི་བླ་མས་ལོ་རྒྱུས་ལ་བརྩི་བཀུར་དང༌། དོན་དངོས་དང་བསྟུན་དགོས་པ། དུས་ཚོད་མཐུན་བཅོས་བྱེད་པ་མ་ཟད་གཞི་རྩའི་ཆབ་སྲིད་ཀྱི་གྲོས་འཆར་འགྱུར་བ་གཏོང་དགོས་ཅེས་ཟེར།
  • ཕྱི་ལོ་ ༢༠༡༠ ལོའི་ཟླ་བ་ ༨ པའི་ནང་གཞི་ཀ་རྩེར་བོད་ཀྱི་དགོན་སྡེ་ཁག་རང་དབང་དུ་བདག་གཉེར་བྱེད་ཕྱོགས་ཐད་ཚོགས་འདུ་ཚོགས་པའི་སྐབས། འཇོན་ཐང་ཆེ་ལ་ཆབ་སྲིད་ཀྱི་ཐོག་ནས་ཡིད་བརྟན་འཕེར་ངེས་ཡོད་པ་དང༌། སློབ་སྦྱོང་ཡག་པོ་བྱས་ཡོད་པ། མི་རྣམས་ཀྱིས་གུས་བརྩི་ཆེ་བའི་ནང་པའི་གྲྭ་པ་དང་ཨ་ནེ་ཁག་ཅིག་རང་དབང་གི་ལམ་ནས་གོ་བསྡུར་བྱས་ཏེ་དགོན་སྡེ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་འདེམས་སྒྲུག་བྱས། (our emphasis)

འཐབ་ཕྱོགས་གཅིག་འགྱུར་གྱི་ལས་དོན་ཚན་པའི་གཞུང་འབྲེལ་ལས་ཁུངས་བདུན་པ་དེ་བོད་དོན་ལ་ཚོད་འཛིན་བྱེད་ཆེད་ཕྱི་ལོ་ ༢༠༠༥ ལོར་གསར་འཛུགས་བྱས། སིང་ཁྲའི་ཉིན་རེའི་གསར་ཤིག་ལ་གཞིགས་ན། དེའི་དགོས་དོན་སྙིང་པོ་ནི། དཔེར་ན། ཕྱི་ནང་གཉིས་ཀ་ནས་ཏྭ་ལའི་བླ་མའི་ཤོག་ཁག་ལྟ་བུའི་ཁ་བྲལ་རིག་ལུགས་ལ་ཁ་གཏད་ལྕོགས་ཕྱིར་འབྲེལ་ཡོད་ཆབ་སྲིད་ཚོགས་པ་དང་མཉམ་རུབ་བྱ་རྒྱུ་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་དང་འབྲེལ་ལམ་བཟོ་རྒྱུ་ཡིན།།

འབྲེལ་བཏུགས་བྱེད་སའི་ཁ་བྱང་།

  • Address: 35 Fuyou Street Xicheng District, Beijing 100800.
  • Website: http://www.zytzb.cn/09/
  • Phone:
  • Fax:

ཕབ་ལེན།

Comments are closed.