ལྦན་ཅའ་བའ྄ོ།

ལྦན་ཅའ་བའོ

ཚོགས་པའི་རྒྱུན་ལས། སྲིད་བློན

༡༩༤༢

དམར་ཤོག་ཚོགས་པའི་རྒྱུན་ལས་ཁང་ནས་ཐག་གཅོད་ཆེན་པོ་བྱེད་ཀྱི་ཡོད།


Wen Jiabao

ངོ་སྤྲོད་མདོར་བསྡུས།

མིང་སྒྲ། ལྦན་ཅའ་བའོ། Wen Jiabao
སྐྱེ་ལོ། ཕྱི་ལོ་ ༡༩༤༢ ལོར་ཐན་ཅིན་དུ་སྐྱེས།
ཤེས་ཚད། ཕྱི་ལོ ༡༩༦༨ ལོར་པེ་ཅིང་ས་ཁམས་རིགས་པའི་མཐོ་སློབ་ནས་ཐོན།
འཚོ་ཐབས། ཀན་སུའུ་ཞིང་ཆེན་ནང་ལོ་ ༢༠། ཧུའེ་ཡོའོ་པང་གི་རྗེས་འབྲང་པ། ལྟ་བ་མཁྲེགས་བཟུང་མཁན་ཐེ་ན་མན་ཊེའི་ངོ་རྒོལ་བ་རྣམས་ལ་ཡ་ལན་བྱ་ཕྱིར་ཁོ་རང་ཚོགས་པ་ཞིག་དང་ལྷན་དུ་གནས། ད་ལྟའི་འཆར་དམར་ཤོག་ཚོགས་པའི་ལྷན་ཁང་ནང་རིམ་པ་མཐོ་ཤོས་གསུམ་པ་དང་སྲིད་བློན། དེ་བཞིན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཚོགས་གཙོ་བཅས་ཡིན།
འདུན་ལམ། ཕྱི་ལོ་ ༢༠༡༢ ལོར་རྒས་ཡོལ་ཞུ།
བོད་དང་སྐབས་དོན་གྱི་འབྲེལ་བ། དམར་ཤོག་ཚོགས་པའི་རྒྱུན་ལས་ཁང་ནས་ཐག་གཅོད་ཆེན་པོ་བྱེད་ཀྱི་ཡོད།



དམར་ཤོག་ཚོགས་པའི་ནང་སྙན་གྲགས་དང༌། དམིགས་བསལ་གྱི་བྱ་གཞག་ཁག

དམར་ཤོག་ཚོགས་པའི་ལྷན་ཁང་ནང་རིམ་པ་མཐོ་ཤོས་གསུམ་པ། སྲིད་བློན་ལྦན་ཅང་བའོ་ནི་སྲིད་བློན་ལས་རོགས་བཞིས་རམ་འདེགས་བྱེད་པ་དང༌། རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་གཙོ་ཡིན་ཞིང་བློན་ཆེན་ལྷན་ཁང་དང་སྡེ་ཚན་ཁག་གི་འགོ་འཛིན་གྱིས་ཁོ་རང་ལ་སྙན་ཐོ་འབུལ་གྱི་ཡོད། སྤྱིར་ལས་འགན་རྒྱ་ཆེན་པོ་ཡོད་པ་དང་ལྷག་པར་དུ་དཔལ་འབྱོར་དང༌། ཞིང་ལས། ཁོར་ཡུག་ཐད་ཁོ་རང་ལ་ལས་འགན་རྗིད་པོ་ཡོད། ཧུའེ་ཅིང་ཐོའོ་དང་མཉམ་དུ་ལྦན་ཅང་བའོ་ཡིས་མི་མང་གི་བསམ་ཚུལ་དང་ཉེ་བར་འབྲེལ་བའི་སྡེ་ཚན་གྱི་ཆ་ཤས་ཡིན་ཞིང་དཔལ་འབྱོར་གོང་སྤེལ་གཏོང་བ་ལས་དཔལ་འབྱོར་གྱི་དཀའ་ངལ་སེལ་རྒྱུར་དོ་སྣང་མང་བ་བྱེད་ཀྱི་ཡོད། ཁོ་རང་ནི་མི་བསམ་བློ་གུ་ཡངས་པོ་གཏོང་མཁན་ཞིག་ཏུ་བརྩི་གི་ཡོད་ནའང་ཆབས་ཅིག་ཆབ་སྲིད་ཚོགས་པའི་རྗེས་འབྲང་པ་ཞིག་ཡིན།

ས་ཁམས་རིག་པའི་ལས་དོན་དང་ཆབ་སྲིད་ཚོགས་པའི་བྱ་བཞག་ཐད་ལས་འགན་རྗིད་པོ་ཡོད་པའི་གོ་གནས་བཟུང་ནས་ལྦན་ཅང་བའི་ཡིས་ཀན་སུའུ་ཞིང་ཆེན་ནང་ལོ་ངོ་ ༢༠ ཙམ་བསྡད། ཕྱི་ལོ་ ༡༩༨༠ འགོ་སྟོད་དུ་ཧུའེ་ཡོ་པང་གིས་ཁོ་རང་གི་འཇོན་ཐང་ངོས་འཛིན་ཐུབ་པ་བྱུང་ཏེ་པེ་ཅིང་དུ་དབུས་འཛིན་སྐྱོང་ལྷན་ཁང་ནང་ཆབ་སྲིད་ཚོགས་པའི་ལས་ཁུངས་ལྟེ་བའི་འཐུས་མིར་གནམ་གྲུའི་ནང་བཏང༌། ཆབ་སྲིད་ཚོགས་པའི་ལོ་རྒྱུས་ཁྲོད་ཁོ་རང་ནི་དམར་ཤོག་ཚོགས་པའི་རྒྱུན་ལས་ཚོགས་མི་གཅིག་པུ་དེ་དྲུང་ཆེ་མི་རབས་བཞིའི་ཧུའེ་ཡོ་པང༌། ཀྲའུ་ཙི་ཡང༌། ཅང་ཙེ་མན། ཧུའེ་ཅིང་ཐོའོ་བཅས།རིང་ཞབས་འདེགས་ཞུས་ཡོད། ཐེ་ན་མན་གྱི་ངོ་རྒོལ་ཟིང་འཁྲུགས་དང་བསྟུན་ནས་ལྟ་བ་མཁྲེགས་བཟུང་བྱེད་མཁན་ལ་ངོ་ལོག་རྒྱག་མཁན་གྱི་བྱེད་ལྟེ་ཀྲའུ་ཙི་ཡང་ལ་གཞོགས་འདེགས་བྱེད་མི་གཙོ་བོ་ཞིག་པར་བརྟེན་ཁོ་རང་གི་སྐད་གྲགས་ཇི་ལྟར་ཉམས་མེད་པའི་སྐོར་གསལ་ཁ་མེད། (FORBES, JUNE 2009)

ཕྱི་ལོ་ ༢༠༡༠ ལོའི་ཟླ་བ་ ༩ བར་དུས་ཚོད་བསྐྱར་ཞུ་བྱས། ཕྱི་ལོ་ ༢༠༡༠ ལོའི་ཟླ་བ་ ༨ པའི་ནང་གལ་ཆེའི་གཏམ་བཤད་གཅིག་གི་ནང་ལྦན་ཅང་བའོ་ཡིས་ཆབ་སྲིད་ཀྱི་བཅོས་སྒྱུར་མ་བྱས་ན་ལོ་ངོ་དེ་དག་གི་རིང་རྒྱ་ནག་ནང་བརྗིད་ཉམས་ལྡན་པའི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་རྣམས་ཉམས་ཉེན་ཆེ་སྐོར་ནན་བརྗོད་བྱས་ཡོད། ཁོ་རང་གིས་མི་སེར་རྣམས་ཀྱིས་དམར་ཤོག་ཚོགས་པར་སྐྱོན་བརྗོད་དང་ལམ་སྟོན་བྱེད་ཆོག་པའི་ཆེད་དུ་ལམ་ལུགས་ཐད་སྐད་འབོད་ཡང་བརྒྱབ་ཡོད། ཧུའེ་དང་ལྦན་གྱི་འཛིན་སྐྱོང་སྐབས་ཆབ་སྲིད་ཀྱི་བཅོས་སྒྱུར་ཐད་ཁུ་སིམ་མེར་གནས་པ་ནས་བཟུང་ལྦན་གྱི་གཏམ་བཤད་ནང་ཚོད་དཔག་མང་པོ་ཞིག་བྱས་ཡོད། ཆབ་སྲིད་ཀྱི་བཅོས་སྒྱུར་ཐད་སྐད་འབོད་བརྒྱབ་པ་དེ་དངོས་འབྲེལ་དྲང་འབྲེལ་ཞིག་ཡིན་ནམ།་ ལྦན་ཅང་བའོ་ཡི་ལོ་གཉིས་ཀྱི་ལས་ཡུན་ནང་དེ་ནི་ཁོ་རང་གི་ལོ་རྒྱུས་ལ་བཀྲག་མདངས་འདོན་ཐབས་ཀྱི་འབད་རྩོལ་ཞིག་རེད་དམ། དེས་དམར་ཤོག་ཚོགས་པའི་ལས་ཁུངས་ལྟེ་བའི་ནང་མི་མངོན་པའི་ཚུལ་དུ་ཁ་ཐོར་གཏོང་རྩིས་ཡོད་པ་སྟོན་གྱི་ཡོད་དམ། པར་སྐྲུན་བྱས་པའི་དུས་བཀག་རེའུ་མིག་ནང་ལན་གསལ་པོ་གཅིག་ཀྱང་ཐོན་མེད།

གཏམ་བཤད་དང་དེའི་སྐོར་གྱི་འགྲེལ་བརྗོད།

  • ང་ཚོས་མང་གཙོའི་སྐོར་ཤོད་སྐབས། རྒྱུན་དུ་གལ་ཆེ་ཤོས་ཀྱི་གྲུབ་ཆ་གསུམ་སྟེ་འོས་བསྡུ་དང༌། ཁྲིམས་ལུགས་ཀྱི་རང་དབང༌། བཀག་སྡོམ་དང་ཆ་སྙོམ་གཞིར་བཟུང་ཐོག་ལམ་སྟོན་བྱེད་པ་དང་སྒོ་བསྟུན་ནས་ཡོད།རྒྱ་ནག་གིས་ནམ་ཡང་ལག་ལེན་དེ་ལྟར་གཏན་འབེབས་བྱེད་ཀྱི་མ་རེད་ཅེས་བརྗོད་མཁན་མི་གཞན་དང་མི་འདྲ་བར། ཕྱི་ལོ་ ༢༠༠༦ ལོར་རྒྱལ་ཡོངས་ཀྱི་རྒྱུ་ནོར་གྱི་གནས་སྟངས་རྒྱ་སྐྱེད་གཏོང་བ་ནི་གཞུང་གི་ལས་འགན་ཡིན་དུས་དེ་ཆ་བགོས་ཚུལ་བཞིན་དུ་བྱེད་པ་ནི་སྲིད་གཞུང་གི་རྣམ་དཔྱོད་ལ་ཐུག་ཡོད། གལ་ཏེ་ཚོགས་པ་ཞིག་གི་རྒྱུ་ནོར་གྲངས་ཉུང་མི་རིགས་ཤིག་ཡར་རྒྱས་གཏོང་རྒྱུའི་དོན་དུ་དམིགས་ཚེ་ཚོགས་པ་དེ་དྲང་བདེན་དང་བརྟན་པོ་ཡོང་ཐུབ་ཀྱི་མེད། ཕྱི་ལོ་ ༢༠༡༠ ལོའི་ཟླ་བ་ ༣ པའི་ནང་ལྦོལ་སི་ཁྲོརི་དུས་དེབ་ (Wall street journal) ནང་ལྦི་ལིམ་ལམ་གྱིས་བརྗོད།
  • གནད་དོན་དེ་ཏྭ་ལའི་རུ་ཚོགས་ཀྱིས་གོ་སྒྲིག་བྱས་ཡོད་པ་དང༌། སྔོན་ཚུང་གྲ་སྒྲིག་བྱས་པ། འཆར་གཞི་བཏིངས་བ། རྒྱུད་སྐུལ་སོགས་བྱས་པའི་སྒྲུབ་བྱེད་དུ་དངོས་དོན་མང་པོ་དང་དཔང་རྟགས་ཧ་ཅང་འདང་ངེས་བཞིན་པ་ཡོད། ཏྭ་ལའི་རུ་ཚོགས་ཀྱིས་རྒྱུན་བརྟན་པོར་རང་བཙན་མི་རྩོད་པར་ཞི་བའི་གྲོས་མོལ་བྱ་རྒྱུའི་རེ་འདུན་སྟོན་པ་དེ་གཞན་གང་ཡང་མིན་པར་སྐྱག་རྫུན་རེད།ཕྱི་ལོ་ ༢༠༠༨ ལོའི་ཟླ་བ་ ༣ པའི་ནང་རུ་ཀྲར་ (Reuters).
[reveal heading="

%image% Click to Read More

" id="id3"]

  • ཁོ་རང་དང་ལྷན་དུ་ལས་ཀ་བྱེད་མྱོང་བའི་མི་རྣམས་ཀྱིས་གཙོ་བོ་ཁོ་རང་སྣ་ཐུང་ཐུང་ཡོད་པའི་རྐྱེན་གྱིས་མངོན་གསལ་དོད་པོ་ཡོད་རེད་བརྗོད་ཀྱི་ཡོད། ཁོ་རང་གིས་སྲིད་ཇུས་ཡིག་ཆར་ས་ཡིག་ཅིག་རྒྱག་པར་ཉུང་མཐར་ཉིན་གསུམ་ཙམ་རང་ཉིད་ཀྱི་ཅོག་ཙེའི་སྟེང་འཇོག་གི་ཡོད། དེར་བརྟེན་མི་རྣམས་ཀྱིས་ཁོ་པས་ཡིག་ཆ་དེའི་ནང་དོན་རྟོགས་ཡས་དང་བརྡ་དག་ཉིན་གསུམ་ཙམ་འགོར་གྱི་ཡོད་སྐོར་བརྗོད་ཀྱི་འདུག བསནེའུ་ཡོག་དུས་བབ།
  • ཁོ་རང་དཔོན་དབང་སྲིད་གཞུང་རིང་ལུགས་པ་དང་ཆེད་ལས་གཞུང་འཛིན་མི་སྣ་ཡག་པོ་ཞིག་ཏུ་འགྲེལ་བརྗོད་བྱེད་བཞིན་ཡོད། འོན་ཀྱང་ཁ་ཡོད་ལག་ཡོད་ཅིག་དང༌། དྲང་པོ། སྙེམ་ཆུང་ཡིན་མདོག་བྱེད་མཁན་ཞིག་ཡིན། ཉེ་དུས་རྐྱེན་ངན་གངས་ཚུབ། གཏེར་འདོན་དོན་རྐྱེན། ཟི་ཁྲོན་ས་ཡོམས།བྱུང་བ་ནས་བཟུང་ཁོ་པར་པོ་ལྦན་ལགས་སམ་སྐུ་ཞབས་མིག་ཆུ་ལགས་ཁོ་པས་མི་མང་དཀྱིལ་ལ་ངུ་བའི་རྣམ་འགྱུར་དེར་ཡི་རངས་ཁྱབ་ཆེན་པོ་བྱེད་པ་དང་འགའ་ཤས་ཀྱིས་སྐྱོན་བརྗོད་བྱེད་ཀྱི་ཡོད།ཞེས་འབོད་ཀྱི་ཡོད། ཆབས་ཅིག་ཀློག་ཀླད་བརྒྱུད་བརྡ་ལན་མང་ཆེ་བས་ལྦན་གྱི་མིག་ཆུར་གདུང་སེམས་མཉམ་སྐྱེད་བྱེད་པ་དང་གཞན་ཁག་ཅིག་གིས་ཁོ་པས་མིག་ཆུ་གཏོང་བ་དེས་གཏོར་སྐྱོན་དང་སྡུག་ཅག་བྱས་པར་དོན་དམ་པའི་སྙིང་རྗེ་མཚོན་གྱི་ཡོད་ནའང༌། ད་དུང་དེས་རྒྱལ་ཡོངས་སུ་རྐྱེན་ངན་བྱུང་བའི་སྐབས་འགོ་ཁྲིད་ཀྱི་ངོས་ནས་སྙིང་སྟོབས་དང༌། དམིགས་ཡུལ། ཐག་གཅོད། མིག་ཆུ་བཅས་དགོས་པའི་དུས་དེར་ཅི་བྱ་གཏོལ་མེད་དང་སྟོབས་ཤུགས་མེད་པར་བསྡད་ཡོད་པ་རེད། ད་དུང་སྐྱོན་བརྗོད་གནད་ལ་འཁེལ་ཤོས་གཅིག་ནི་ལྦན་གྱི་མིག་ཆུ་ནི་སྡུག་བསྔལ་མྱོང་བཞིན་པའི་བོད་རིགས་རྣམས་ཀྱི་ཆེད་དུ་རྩ་བ་ནས་སྙིང་རྗེ་མེད་པ་མངོན་གསལ་དོད་པོ་ཡིན།ཕྱི་ལོ་ ༢༠༠༨ ལོའི་རྒྱ་ནག་གི་གནས་ཚུལ་མདོར་བསྡུས་ནང་ཡུའུ་མའི་ཁྲོན། ཇེམ་ས྄་ཁྲ་འོང༌།
  • ༷ཁོ་པ་འགོ་ཁྲིད་ཡག་པོ་ཞིག་ཡིན་མདོག་ཁ་པོ་མ་རེད། འོན་ཀྱང་སྣང་ཚུལ་ལ་འགོ་ཁྲིད་ཡག་པོ་ཞིག་ཡིན། (Cheng Li, Brookings)
  • ཁོ་རང་གི་ཆབ་སྲིད་གྲུབ་འབྲས་དང་འཚོ་གནས་ལེགས་གྲུབ་བྱུང་ཡོད་པ་རེད། གཞི་རྩའི་ཆ་ནས་དྲག་རྩུབ་ལྡན་པ་དང༌། སྙེམ་ཆུང་བ་དང་ཞི་མཐུན་གྱི་བསམ་པ་མེད་པ་དང༌། མཐའ་ན་ཁ་ཤས་ཀྱིས་རབས་བཟང་སྤྱོད་དང་བྲལ་བ་ཞེས་ཟེར་གྱི་ཡོད།ཕྱི་ལོ་ ༢༠༠༨ ལོའི་རྒྱ་ནག་གི་གནས་ཚུལ་མདོར་བསྡུས་ནང་ཡུའུ་མའི་ཁྲོན། ཇེམ་ས྄་ཁྲ་འོང༌།
  • རྒྱ་ནག་གི་ཀློག་ཀླད་བེད་སྤྱོད་བྱེད་མཁན་ཚོས་ཀེམ་བི་རེས་ཇི་མཐོ་སློབ་ནང་ཁོ་པར་སློབ་ཕྲུག་གིས་ལྷམ་གཡུག་སྐབས་མ་གཡོལ་བ་གང་ཡིན་ཞེས་སྐད་ཆ་འདྲི་སྐབས། ཁོ་པས་གློག་འོད་ཀྱིས་མིག་རབ་རིབ་དུ་གྱུར་ཏེ་ལྷམ་མཐོང་མ་སོང་ཞེས་བརྗོད་ཡོད། ད་དུང་བརྗོད་དོན། གང་ལྟར་ཡང་རྩོམ་བྲིས་ཉེན་ཁ་ཆེན་པོ་ཞིག་ཡིན་ནའང་ང་རང་ལ་ཡིད་ཆེས་བརྟན་པོ་ཡོད། ངས་དེ་ལས་གཡོལ་ཙམ་ཡང་བྱེད་ཀྱི་མ་རེད། གང་ཡིན་ཟེར་ན་ངའི་སེམས་ནང་རྒྱལ་ཁབ་ཀྱི་མཚན་སྙན་བརྟན་པོར་སྲུང་རྒྱུ་དེ་གནད་དོན་དང་པོ་ཆགས་ཡོད།
  • དཔེ་དེབ་ལྟ་ཀློག་གི་གོམ་གཤིས་འཇགས་པའི་ཆེད་དུ་ཧར་ལྦ་ཌེ་གཙུག་ལག་མཐོ་སློབ་ནང་ཁོ་རང་གིས་ Descartes, Voltaire, Goethe, Kant, Gottfried Leibniz དང་མཁས་དབང་ Baron de Montesquieu སོགས་ཀྱི་བརྩམས་པའི་དཔེ་དེབ་ལྟ་ཀློག་བྱེད་པར་འབད་བརྩོན་ལྷོད་པོ་བྱས།
[reveal]

སྒེར་གྱི་གནས་ཚུལ་དང་བློ་མགུ་བར་ནུས་པའི་སྐོར/

  • གཉེན་སྒྲིག་བྱས་ནས་ཕྲུ་གུ་གཉིས་ཡོད། ཐེའི་ལྦན་གཟུགས་མཐོང་རླུང་འཕྲིན་ནང་ནས་ཌོ་ལར་ ༣༠༠༠༠༠༠ གི་ལག་གདུབ་གྱོན་པ་མཐོང་བ་བཞིན་གཟའ་ཟླ་ཀྲང་ཕི་ལི་རྒྱན་ཆ་དང་ཕ་ལམ་ཚོང་ཁང་ནང་ལས་ཀ་བྱེད་ཀྱི་ཡོད། ཁོ་རང་གི་བུ་ཨ་རི་ནས་མཐོ་སློབ་ཐོན་ཡོད།
  • ཁོ་པས་རིན་གོང་ཆེ་བའི་རྒྱ་ནག་གི་དཔེ་དེབ་ཕྱོགས་བསྡུས་བྱས་པ་རྣམས་གོང་འཕེལ་གཏོང་ཕྱིར་ཀེམ་བི་རེས་ཇི་མཐོ་སློབ་ཏུ་འཕྲུལ་ཆས་ཀྱི་དེབ་གྲངས་ ༢༠༠༠༠༠ ཞལ་འདེབས་སྤྲད་ཡོད་པ་རེད། (Information World Review, April 2009)
  • མི་མང་བྱིངས་དང་འབྱོར་མེད་གྲལ་རིམ་གྱི་གཟུགས་བརྙན་མཚོན་ཕྱིར་ཁོ་པས་ཕྱི་ལོ་ ༡༩༩༥ ནང་བཟུང་སྟོད་གོས་ལྗང་གུ་ཞིག་གྱོན་ནས་ཡོད།
  • ཁོ་རང་ནི་འགྱུར་བ་མེད་པའི་འགོ་ཁྲིད་མཐོ་ཤོས་གཅིག་པུ་དེ་ཡིན།

Wen-Jiabao
སྤྱི་ལོ་ ༡༩༨༩ ཀྲའོ་ཛ་ཡང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་སྟེང་སློབ་ཕྲུག་ཚོར་ཕྱིར་ལོག་བྱེད་རོགས་ཞེས་སྐུལ་མ་བྱེད་སྐབས་མཉམ་དུ་ལྦན་ཅའ་བའ྄ོ་ཡང་ཡོད། གཡས་ནས་གཉིས་པ་དེ་ལྦན་ཅའ་བའ྄ོ་ཡིན།

འབྲེལ་བཏུགས་བྱེད་སའི་ཁ་བྱང་།

  • Address: Zhongnanhai, Xi Chang’an Jie, Beijing 100017.
  • Website: www.gov.cn
  • Phone: + 86 10 6307 0913
  • Fax: + 86 10 6307 0900

ཕབ་ལེན།

This entry was posted in Profiles. Bookmark the permalink.