ལི་ཀེ་ཆིང༌།

ལི་ཀེ་ཆིང༌།

སྲིད་བློན་གཞོན་པ།

༡༩༥༥

སྤྱི་ལོ་ ༢༠༡༢ ལོར་རྒྱ་ནག་ནང་གི་དབང་ཐང་ཆེ་ཤོས་ཀྱི་དཔོན་རིགས་གཉིས་ཀྱི་ནང་ནས་གཅིག་ཏུ་གྱུར་རྒྱུ་ཡིན་པ་འདྲ།


Li Keqiang

Overview

མིང་སྒྲ། ལི་ཀེ་ཆིང༌། soundbite
སྤྱི་ལོ་། ༡༩༥༥ ལོར་ཨན་ཧུ་ཡི་ (Anhui Province) ཞིང་ཆེན་དུ་སྐྱེས།
ཤེས་ཚད། རིག་གནས་གསར་བརྗེའི་སྐབས་ཞིང་འབྲོག་ས་ཁུལ་དུ་ངལ་རྩོལ་བྱས་ཡོད་པ་དང༌། སྐབས་དེ་དུས་ཁོང་ལ་མ་འོའི་ལྟ་གྲུབ་སློབ་གཉེར་ལ་ཕུལ་བྱུང་བའི་བློ་མཐུན་ཞེས་པའི་མིང་ཐོབ། ཁོང་གི་སློབ་གྲོགས་འགའ་རྒྱ་གཞུང་དང་མ་འཆམ་པར་གྱུར།
ཕྱི་སྐྱོད། ཧུ་ཇིན་ཏའོ་ཡི་བལྟ་སྐྱོང་འོག་ཡོད། དམར་ཤོག་ཚོགས་པའི་འགན་འཁུར་ཚོགས་ཆུང་གི་ཚོགས་མི་བདུན་པ། སྲིད་བློན་གཞོན་པ་ཞིག གོ་ལའི་གནམ་གཤིས་ཀྱི་འགྱུར་ལྡོག་དང༌། ནུས་པའི་བེད་སྤྱོ་ཚགས་ཚུད། འཕྲོད་བསྟེན་ཡར་རྒྱས། གྲོན་ཆུང་གི་ཁྱང་པར་རྒྱག་རྒྱུ་སོགས་ཀྱི་ཐད་དོན་གཉེར་ཅན་ཞིག་ཡིན་པ་འདྲ།
འདུན་ལམ། ཝེན་ཇེན་བྷའོ་ (Wen Jiaba) ཡི་རྗེས་སྲིད་བློན་དུ་གྱུར་རྒྱུ་ཡིན་པ་འདྲ། འོན་ཀྱང་དམར་ཤོག་ཚོགས་པའི་གནས་རིམ་གཉིས་པར་སླེབས་ཐུབ་སྲིད།རྒྱ་ནག་མི་མང་གྲོས་ཚོགས་ཀྱི་ཚོགས་གཙོར་སླེབས་སྲིད།
བོད་དང་འབྲེལ་བ། སྤྱི་ལོ་ ༢༠༡༢ ལོར་རྒྱ་ནག་ནང་གི་དབང་ཐང་ཆེ་ཤོས་ཀྱི་དཔོན་རིགས་གཉིས་ཀྱི་ནང་ནས་གཅིག་ཏུ་གྱུར་རྒྱུ་ཡིན་པ་འདྲ།



དམར་ཤོག་ཚོགས་པའི་ནང་བཟུང་བའི་གོ་གནས་དང༌། ལས་དོན་དང་འབྲེལ་བའི་དམིགས་བསལ་གྱི་བྱ་གཞག་ཁག

ད་ལྟའི་ཆར་དམར་ཤོག་ཚོགས་པའི་འགན་འཁུར་ཚོགས་ཆུང་གི་ཚོགས་མི་བདུན་པ་དང༌། སྤྱི་ལོ་ ༢༠༡༢ ལོར་ཝེན་ཇེན་བྷའོ་ (Wen Jiabao) ཡི་ཚབ་ཏུ་སློབ་བློན་ཆགས་རྒྱུ་ཡིན་པ་འདྲ། ཁོའི་རྒྱབ་ལྗོངས་དང༌། ལས་ཀ་བྱེད་ཕྱོགས། ལྟ་བ་ཁྱེར་ཕྱོགས་གྲུབ་སོགས་ཧུ་ཇིན་ཏ་འོ་དང་འདྲ་བ་ཡོད་པས་མི་མང་པོ་ཞིག་གིས་ཁོ་ནི་ཧུ་ཇིན་ཏ་འོ་ཡི་ངོ་བཤུས་གཞོན་སྐྱེས་བཅུ་གསུམ་གྱི་ནང་དུ་གཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།

རྒྱ་ནག་གཞོན་ནུའི་ཚོགས་པར་ཞུགས་སྐབས་ཧུ་ཇིན་ཏ་འོ་དང་ཁོའི་དབར་མོ་ལོ་ཉེར་ལྔའི་ལོ་རྒྱུས་ཅན་གྱི་གྲོགས་འདྲིས་བྱུང༌། ཧུ་ཇིན་ཏ་འོས་ལི་ཀེ་ཆིང་སྲིད་འཛིན་དུ་བསྐོ་བཞག་ཡོང་བར་འདོད་མོས་བྱེད་ཀྱི་ཡོད་ཀྱང༌། གྲོས་མཐུན་གྱི་སྒོ་ནས་འཛིན་སྐྱོང་ཞེས་པའི་སྲིད་བྱུས་གསར་པ་ཁང་སྦུག་གི་ཆབ་སྲིད་ཞིགདེའི་རྐྱེན་གྱིས་ཤི་ཇིང་པིན་སྲིད་འཛིན་དུ་གྱུར་རྒྱུ་ཡིན་པར་འདོད་མོས་མ་བྱེད་ཀ་མེད་བྱུང༌། དབང་འཛིན་གི་གོ་ས་མཐོ་ཤོས་འཛིན་ཐུབ་མིན་དང༌། འགལ་ཟླ་དང་ཐབས་ལམ་འདྲ་མིན་ཤི་ཇིང་པིན་ནི་དཔལ་འབྱོར་གྱི་ཡར་རྒྱས་དང་ཡུལ་གྲུ་གཞན་དང་འདྲིས་གཤིབ་བྱ་རྒྱུར་དོན་གཉེར་ཅན་ཞིག་ཡིན་པ་དང༌། ལི་ཀེ་ཆིང་ནི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཧེ་བག་ཇེ་ཉུང་དུ་གཏོང་རྒྱུ་དང་སྤྱི་ཚོགས་བདེ་འཇགས་ཀྱི་དྲྭ་བ་ཞིག་བསྐྲུན་རྒྱུན་དོན་གཉེར་ཅན་ཞིག་ཡིན།

ཡིན་ཀྱང་གཉིས་པོས་འཆམ་མཐུན་ངང་ལས་ཀ་བྱེད་ཐུབ་མིན་རྟོགས་ཞིབ་ཆེད་ཤི་ཇིང་པིན་དང་ལི་ཀེ་ཆིང་གཉིས་ཀའི་ཐད་བལྟ་ཞིབ་ཟམ་མོ་བྱེད་བཞིན་ཡོད། ཉེ་བའི་ཆར་ལི་ཀེ་ཆིང་དྷཱའོས་ (Davos) དུ་རྒྱལ་སྤྱིའི་དཔལ་འབྱོར་གྱི་ཚོགས་ཆེན་གི་མཉམ་ཞུགས་བྱས་ཡོད་པ་དེས་ཁོའི་དབང་ཚད་ཇེ་མཐོ་འགྲོ་བཞིན་ཡོད་པ་དང༌། རྒྱ་གཞུང་གིས་ཁོར་ཕྱི་རྒྱལ་ཡུལ་གྲུ་དང་འབྲེལ་གཏུགས་གྱི་གོ་སྐབས་བསྐྲུན་རྒྱུ་ཡིན་པའི་འདོད་འདུན་མཚོན། ད་ལྟའི་ཆར་ཁོས་ཚོགས་འདུ་མང་དག་ཞིག་གི་ནང་མཉམ་ཞུགས་བྱེད་བཞིན་ཡོད་པ་མ་ཚད། གསར་འགོད་རྒྱུད་ལམ་ཕལ་མོའི་ཆེ་གླེང་གཞིར་གྱུར་ཡོད།

འདས་པའི་བྱས་རྗེས།
Lསྤྱི་ལོ་ ༡༩༨༠ ལོར་གཞོན་ནུའི་མཐུན་ཚོགས་སུ་ཞུགས། སྤྱི་ལོ་ ༡༩༩༣ ནས་ ༡༩༩༨ བར་ཚོགས་པ་དེའི་དྲུང་ཆེ་བྱས།

སྤྱི་ལོ་ ༡༩༩༨ ལོར་ཧེ་ནན་ཞིང་ཆེན་ (Henan Province) གྱི་སྲིད་སྐྱོང་བྱས། སྐབས་དེ་དུས་ཁོ་ལོ་ ༤༣ ཡིན་པ་དང༌། རྒྱ་ནག་གི་སྲིད་སྐྱོང་གཞོན་ཤོས་ཡང་རེད་འདུག

སྤྱི་ལོ་ ༢༠༤ ནས་ ༢༠༠༧ བར་ཧེ་ནན་ཞིང་ཆེན་དང༌། ལི་ཨོ་ནིང་ཞིང་ཆེན་ (Liaoning Province) གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས།

ཧེ་ནན་དང་ལི་ཨོ་ནིང་ཞིང་ཆེན་གཉིས་སུ་མེ་སྐྱོན་དང༌། རྡོ་སྲོལ་གཏེར་ཁའི་ནང་སྦར་གས་བྱུང་བ་སོགས་ཀྱི་ཆགས་སྒོ་བྱུང་རྐྱེན་ཁོང་ལ་བསོད་ནམས་དམན་པ་ཞེས་པའི་མིང་ཞིག་ཐོབ། AIDS ནད་ཡམས་འགོག་ཐབས་ཐད་མགྱོགས་མྱུར་གྱི་ཚུལ་དུ་བྱེད་སྒོ་སྤེལ་མེད་པར་རྐྱེན་ཁོར་སྐྱོན་འཛུགས་བྱེད་མཁན་བྱུང༌། སྲིད་སྐྱོང་བྱེད་སྐབས་ཁོའི་བྱ་གཞག་རྣམས་མདངས་སྐྲག་མེད་པ་བྱུང་འདུག ཁོའི་སྐོར་གཞན་གྱིས་ཉུང་ཉུང་ལས་ཤེས་ཀྱི་མེད་པ་དང༌། ཉེ་ལམ་ཕྱིར་བསྐྱོད་བྱས་པ་ལས་དེ་སྔོན་དེ་ལྟར་ཤུགས་ཆེ་བྱེད་མྱོང་མེད་པ་ཞིག་རེད་འདུག

ཁྱད་མཚར་གྱི་གནད་དོན་འགའ།
ཁོའི་སློབ་གྲོགས་ཝང་ཤའོ་གོའང་དང༌། (Wang Shaoguang) ཧུ་པིང༌། (Hu Ping) ཞཱང་ཝི། (Zhang Wei) ཕཱེང་ཞི་མིང༌། (Fang Zhiming) ཝང་ཇུན་ཏོ། (Wang Juntao) ལ་སོགས་པ་རྒྱ་གཞུང་ལ་གདོང་ལེན་དང༌། འགྲོ་བ་མིའི་ཐོབ་ཐང་རྩོད་གླེང་བྱེད་མཁན་དུ་གྱུར་འདུག གཞོན་ནུའི་མཐུན་ཚོགས་ནང་འཛུལ་ཞུགས་སྐབས་ཁོའི་བསམ་བློ་འཁྱེར་ཕྱོགས་གུ་ཡངས་ཡོད་པ་དེར་སྐྱོན་བརྗོད་བྱེད་མཁན་བྱུང་འདུག དྲན་པ་ཞེ་དྲག་བརྟན་པོ་ཡོད་པ་འདྲ།

གཞན་གྱིས་ཁོ་འགྲེལ་བརྗོད་ཇི་ལྟར་བྱས་ཡོད་འགའ།

  • Wikipedia: ཝི་ཀི་དྲྭ་རྒྱ། ཁོ་ནི་ཁ་བསང་ཅིང་ཚ་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག
  • ཕོ་རོབ། (Forbes) དུལ་ཅིང་འགྱིངས།
  • Cheng Li ཆེང་ལི། ལི་ལ་གཤིས་སྤྱོད་གཞན་དང་མི་འདྲ་གཉིས་ཡོད་པ་དེ་དག་ནི། ཁོ་ནམ་ཡང་ཁོ་ཁྲ་ཟ་གི་མེད་པ་དང༌། ཁོང་རང་གི་ལས་རོགས་རྣམས་ཐད་སྡུག་ཅག་ཕལ་ཆེར་ལབ་བྱེད་ཀྱི་མེད།

འབྲེལ་བཏུགས་བྱེད་སའི་ཁ་བྱང་།

  • Address: Zhongnanhai, Xi Chang’an Jie, Beijing 100017.
  • Website: www.gov.cn
  • Phone: + 86 10 6307 0913
  • Fax: + 86 10 6307 0900

ཕབ་ལེན།

This entry was posted in Profiles. Bookmark the permalink.