ཧུའེ་ཁྲུན་ཧའེ།

ཧུའེ་ཁྲུན་ཧའེ།

ནང་སོག་ཆབ་སྲིད་ཚོགས་པའི་དྲུང་ཆེ།

༡༩༦༣

བོད་ནང་རྒྱུས་མངའ་ཆེ་བ། ཕྱི་ལོ་ ༢༠༢༢ བར་དུ་རྒྱ་ནག་གི་འགོ་འཛིན་ཞིག་བྱེད་ཐུབ།


Hu Chunhua

ངོ་སྤྲོད་མདོར་བསྡུས།

མིང་སྒྲ།: ཧུའེ་ཁྲུན་ཧའེ། soundbite
སྐྱེ་ལོ། ཕྱི་ལོ་ ༡༩༦༣ ལོར་ལྦུ་ཕིང་ཏུ་ཇེའེ་རང་སྐྱོང་རྫོང༌། ཧུའེ་བའེ་ཞིང་ཆེན་ནང་ཞིང་པའི་ཁྱིམ་ཚང་ཞིག་ནང་སྐྱེས།
ཤེས་ཚད། པེ་ཅིང་གཙུག་ལག་མཐོ་སློབ་ནས་འཛིན་རིམ་བཅོ་ལྔ་པ་ཐོན།(BA)
འཚོ་ཐབས། པེ་ཅིང་དུ་ལས་ཀ་སླ་པོ་སྤྲད། དེ་ནས་བོད་དུ་ཕྱིན་ནས་ཕྱི་ལོ་ ༡༩༨༣ ནས་ ༢༠༠༦ གམ་ ༢༠༠༧ བར་དུ་དེ་གར་ལས་དོན་བསྒྲུབས་པར་རྐྱེན་གྱིས་ཉམས་རྒུད་སོང༌། ག་ལེར་རྒྱ་ནག་གཞོན་ནུ་རུ་ཁག་མི་རིགས་ཀྱི་འགོ་གཙོའི་བྱས།དང་ཆབ་སྲིད་ཚོགས་པའི་འཛུལ་ནས་བོད་རང་སྐྱོང་ལྗོངས་སུ་ཆབ་སྲིད་ཚོགས་པའི་དྲུང་ཆེར་གྱུར། ད་ལྟ་ནང་སོག་དུ་ཆབ་སྲིད་ཚོགས་པའི་དྲུང་ཆེ་བྱེད་མུས་སུ་ཡོད།
ཡིད་འཕྲོག་པའི་གནས་སྟངས་གཅིག བོད་སྐད་ཆུ་རྒྱུག་རྒྱུག་རྒྱག་གི་ཡོད།
འདུན་ལམ། ཕྱི་ལོ་ ༢༠༡༢ ལོར་དམར་ཤོག་ཚོགས་པའི་ཁོངས་མིའི་གོ་གནས་འཛིན་སྲིད།
བོད་དང་སྐབས་དོན་འབྲེལ་བ། བོད་ནང་རྒྱུས་མངའ་ཆེ་བ། ཕྱི་ལོ་ ༢༠༢༢ བར་དུ་རྒྱ་ནག་གི་འགོ་འཛིན་ཞིག་བྱེད་ཐུབ།



དམར་ཤོག་ཚོགས་པའི་ནང་སྙན་གྲགས་དང༌། དམིགས་བསལ་གྱི་བྱ་གཞག་ཁག

མི་རབས་དྲུག་གི་རྒན་གྲས། ཕྱི་ལོ་ ༢༠༢༢ བར་དུ་ཧ་ལམ་ཧུའེ་ཅིང་ཐོའི་ཡི་རྗེས་འབྲང་པ་ཞིག་ཏུ་ཨུ་ཚོགས་བྱེད་བཞིན་ཡོད།ད་ལྟའི་འཆར་ཕྱི་ལོ་ ༢༠༡༢ ལོར་ཤི་ཅིང་ཕིང་རྗེས་འབྲང་པར་རེ་སྒུག་བྱེད་ཀྱི་ཡོད།

ཧུའེ་ཅིང་ཐོའོ་ཡི་སྐྱབས་འོག་ཏུ་ཡོད་པར་བརྩི་བ་དང༌། ཧུའི་ཅིང་ཐོའོ་དང་ཁྱད་པར་འབྱེད་པའི་ཆེད་དང་འབྲེལ་ལམ་དམ་པོ་ཡོད་པར་སྟོན་ཆེད་བརྒྱུད་ལམ་ཁག་གི་ཁོ་རང་ལ་ཧུའེ་ཆུང་བ་ཟེར་གྱི་ཡོད།་ཧུའེ་ཁྲུན་ཧའེ་དང་ཧུའེ་ཅིང་ཐོའོ་ཡིས་བསྐོ་བཞག་བྱས་པའི་འཐུས་མི་གཞན་རྣམས་ཀྱིས་ཆེད་ལས་འཛིན་སྐྱོང་བྱེད་མཁན་ལས་ཆབ་སྲིད་ཚོགས་པར་ཁ་ཞེ་གཉིས་མེད་བྱེད་མཁན་ལ་འདམ་ག་གསར་པ་བྱེད་པར་གཏན་འབེབས་བྱས་ཡོད།ཆེད་ལས་གཞུང་འཛིན་མི་སྣའི་ཁ་གཏད་དུ་དམར་ཤོག་ཚོགས་པའི་སོ་པའམ་ཤོག་ཁགདེ་ལ་བརྟེན་ནས་མ་འོངས་པར་གལ་ཆེའི་འགྱུར་ལྡོག་འབྱུང་ངེས།

ཁ་བྲལ་རིང་ལུགས་ངོ་རྒོལ་དང་ཧན་མི་རིགས་གནས་སྤོས་བྱེད་པར་སྐུལ་དེད་བྱེད་པ་སོགས་ཀྱི་བོད་རང་སྐྱོང་ལྗོངས་ནང་དཔལ་འབྱོར་བསྐྱར་གསོ་བྱེད་པའི་ལས་འགན་སོ་སོར་བགོ་ཤ་བརྒྱབ་ཡོད། ད་ལྟ་བར་དུ་ཕྱི་བསྐྱོད་བཀག་སྡོམ་བྱས་པ། ཨ་རིའི་གཞོན་སྐྱེས་ཆབ་སྲིད་ཀྱི་འགོ་ཁྲིད་གོ་དབང་སྤེལ་རེས་ཀྱི་ལས་འཆར་དང༌། ཧོན་དའི (Hyundai) དང་མཉམ་དུ་གནས་ཚུལ་སྤེལ་རེས་བྱེད་པར་ཀོ་རི་ཡས་ས་རྟགས་འགོད་པ་སོགས་ཀྱི་ཐད་ཚོད་འཛིན་བྱས་ཡོད།

ཧུའེ་ཁྲུན་ཧའེ་ཡིས་མི་རབས་དྲུག་པའི་འགོ་ཁྲིད་མུ་མཐུད་ནས་བྱེད་པར་འབྱུང་སྲིད་པའི་ཉེན་ཁ།

  • ནུབ་ཕྱོགས་རྒྱལ་ཁབ་དང་ཡར་རྒྱས་ཕྱིན་པའི་མཚོ་བརྒྱུད་ཀྱི་ས་གནས་ཁག་ལ་ཉམས་མྱོང་མེད་པ།
  • བོད་ནང་ཁ་བྲལ་རིང་ལུགས་པ་རྩ་བ་ནས་ཚོད་འཛིན་བྱེད་མི་ཐུབ་པ།
  • ཆབ་སྲིད་ཚོགས་པའི་ལྟ་གྲུབ་ལ་དད་གུས་བྱེད་ཕྱོགས་ཐད་ཧུའེ་ཅིང་ཐོའོ་ཁོ་རང་གིས་འབོད་པའི་ལྟ་ཚོད་དང་བློ་སྟོབས་མེད་པ།
  • ལས་རིགས་འདྲ་མིན་བཅོས་སྒྱུར་བྱེད་པའི་གནས་དོན་ལས་གཡོལ་ཐབས་བྱེད་པར་རྣམ་འགྱུར་མི་རྣམས་ལ་གྲགས།
    འོ་མའི་རྙོག་དྲ་བྱུང་བའི་སྐབས་ཧེའེ་བིའི་གཞུང་འཛིན་པ་ཡིན།གསར་འགྱུར་བརྒྱུད་ལམ་ཁག་ནས་དེའི་སྐོར་ཤེས་རྟོགས་བྱུང་ཡོད་ཀྱང༌། ཚོད་དཔག་བྱས་པར་གཞིགས་ན། ཞིང་ཆེན་གཞན་དུ་རྙོག་དྲ་དེས་རྐྱེན་པས་འགོ་ཁྲིད་མང་པོ་ཞིག་གནས་དབྱུང་བཏང་བའི་སྐབས་ཁོ་རང་ལ་ཧུའེ་ཅིང་ཐོའོ་ཡིས་སྲུང་སྐྱོབ་བྱས་ཡོད་པར་གྲགས།

གཏམ་བཤད་དང་དེའི་སྐོར་གྱི་འགྲེལ་བརྗོད།

  • Hu Chunhua, ཧུའེ་ཁྲུན་ཧའེ་བོད་དུ་མ་འགྲོ་གོང་ཕྱི་ལོ་ ༡༩༨༣ ལོར་མི་མང་ཚོགས་ཁང་ཆེན་མོའི་ནང་གཏམ་བཤད་གཅིག་གི་ནང༌། གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ནི་ང་ཚོའི་འཇོན་ཐང་ཆ་ཚང་ཡར་རྒྱས་གཏོང་བའི་ས་ཆ་ཞིག་ཡིན། ཅེས་བཤད་ཡོད།
    ལྦི་ལི་ལམ་གྱིས།

  • Willy Lam: ཁོ་རང་ནི་ཆབ་སྲིད་ཀྱི་ཐོག་ནས་ད་དུང་སྦྱོང་བརྡར་བྱེད་བཞིན་པ་དང་རྒྱ་ནག་དམར་ཤོག་ཚོགས་པའི་འཛིན་སྐྱོང་གནས་སྟངས་ཀྱི་རྒྱུན་བརྟན་པོ་ཞིག་འོང་བར་ཆ་འཇོག་ཐུབ་པ་ཞིག་ཡོད། ཁོ་རང་གི་སྐྱབས་མགོན་བཞིན་དུ་ཧུའེ་ཆུང་བས་བོད་དང་ཡུ་གུར་ལྟ་བུའི་གྲངས་ཉུང་མི་རིགས་ཁག་ལ་དྲག་པོའི་ཐབས་ལམ་ལག་བསྟར་བྱས་ན་ལེགས་པར་ཡིད་ཆེས་བྱེད་ཀྱི་ཡོད། དེས་མ་ཚད་ཁོ་རང་བོད་ནང་ལོ་ངོ་བཅུ་ཕྲག་གཉིས་ཙམ་བསྡད་པ་དེས་ཁོ་རང་སེམས་དང་ལུས་ཀྱི་བྱ་སྤྱོད་གཉིས་ཀ་ངན་པ་ཡོད་པ་ཤུགས་ལ་སྟོན་གྱི་ཡོད། བོད་རང་སྐྱོང་ལྗོངས་ཆབ་སྲིད་ཚོགས་པའི་དྲུང་གཞོན་ཧུའེ་ཁྲུན་ཧའེ་ཡིས་ཕྱི་ལོ་ ༢༠༠༤ ཟླ་བ་ ༩ པའི་ཚེས་ ༢༠ ཆབ་སྲིད་ཚོགས་པའི་ལས་འགན་ཛ་དྲག་ཤོས་ནི་ཁ་བྲལ་རིང་ལུགས་པ་ཚོར་ཁ་གཏད་ལྕོགས་རྒྱུ་དང་གལ་ཏེ་ཏ་ལའི་བླ་མས་གཡོ་ཟོལ་མེད་པར་བོད་རང་བཙན་འཐབ་རྩོད་བྱེད་པ་བློས་གཏོང་བྱས་པ་ན། ཞི་བའི་གྲོས་མོལ་མུ་མཐུད་བྱ་རྒྱུ་ཡིན་ཅེས་བཤད་ཡོད།
  • ཅིང་ལི(Cheng Li) བུ་རུག་ཀིང་བསྟི་གནས་ཁང་དུ (Brookings) རྒྱ་ནག་གི་འགོ་ཁྲིད་དེ་ཚོ་ཧུའེ་ཁྲུན་ཧའེ་དང་གཞན་ཁག་ཚང་མ་བོད་ཀྱི་གནས་དོན་ཐོག་ལྟ་བ་མཁྲེགས་བཟུང་བྱེད་མ་ཡིན་ཞེས་བཤད་ཡོད་པ་རེད། འོན་ཀྱང་ཁོང་ཚོས་དབུས་གཞུང་གི་བཀའ་ལ་མཐའ་ཅིག་ཏུ་ཉན་འཇོག་བྱེད་ཕྱོགས་ཐད་ཡོངས་སུ་གྲགས་ཡོད་པ་དང༌། མི་རིགས་ཀྱི་ཆ་ནས་ས་གནས་རིང་ལུགས་ཀྱི་ཐོག་སྟངས་འཛིན་ནན་པོ་ཡོད་ཅེས་གཏམ་བཤད་སྤེལ་ཡོད་པ་རེད།

འབྲེལ་བཏུགས་བྱེད་སའི་ཁ་བྱང་།

  • Address: Inner Mongolia Autonomous Regional Committee of the Chinese Communist Party, No.1 Chilechuan Dajie, Hohhot, Inner Mongolia 010098.
  • Website: www.gov.cn
  • Phone: +86 471 4824334
  • Fax:

ཕབ་ལེན།

This entry was posted in Profiles. Bookmark the permalink.